ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་དང་ཕུ་ཊིན་གྱི་མཇལ་འཕྲད་གྲོས་མོལ།


༄༅།། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་ཀྱིས་གཟའ་ལྷག་པའི་ཉིན་ཡུ་རོབ་རྒྱལ་ཁབ་སུད་སིའི་གྲོང་ཁྱེར་ཇཱི་ཎི་ཝྭར་མཇལ་འཕྲད་གྲོས་མོལ་ཐེངས་དང་པོ་གནང་ཡོད་ཅིང་། དུས་ཡུན་ཚོད་གསུམ་ལྷག་ལ་སྲིད་འཛིན་རྣམ་གཉིས་དང་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་ནང་མོལ་བྱས་པའི་རྗེས་སུ་སྲིད་འཛིན་བྷ་ཌན་དང་ཕུ་ཊིན་གཉིས་ཀྱིས་ལོགས་སུ་གསར་འགོད་ལྷན་ཚོགས་བསྐོངས་ཏེ་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པར་མ་ཟད། ཕྱོགས་གཉིས་ཀས་གནད་དོན་རྙོག་འཛིང་ཅན་དེ་དག་ལ་ཁ་གསང་པོ་བྱས་ནས་གླེང་སློང་བྱུང་སྟེ་རྣམ་འགྱུར་བཟང་པོ་ཞིག་ཐོན་སོང་ཞེས་འགྲེལ་བརྗོད་བྱས་འདུག་པ འི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG