ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨལ་བྷེ་ཎི་ཡས་རྒྱ་ནག་གི་འཕྲུལ་རབས་ལྔ་པ་བཀོལ་རྒྱུ་མིན་པ།


༄༅།། ཨ་མི་རི་ཀ་དང་ཨལ་བྷེ་ཎི་ཡ་གཉིས་ཀྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་སོགས་ཀྱིས་བཟོས་པའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱ་རྒྱུ་མིན་པའི་གྲོས་ཆོད་ཅིག་ལ་མིང་རྟགས་བཀོད་ནས་འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་ཀྱང་དེ་ལ་མིག་དཔེ་བལྟ་དགོས་པའི་སྲོལ་ཞིག་གཏད་ཡོད་ཅིང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བཀོལ་སྤྱོད་བྱེད་ན་འབྲེལ་ཡོད་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་དང་གསང་བའི་གནས་ཚུལ་རྣམས་རྒྱ་ནག་གིས་རྐུ་ཁྱེར་བྱེད་ཐུབ་པའི་ཉེན་ཁ་འདུག་ཅེས་དམ་དྲག་བྱ་རྒྱུ་འགོ་ཚུགས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG