ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

བྷ་ཌན་དང་ཀི་ཤི་ཌས་རྒྱ་ནག་དང་བྱང་ཀོ་རི་ཡའི་གནད་དོན་བགྲོ་གླེང་།


༄༅།། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་ཀི་ཤི་ཌ་གཉིས་བརྙན་ལམ་དུ་ཐུག་འཕྲད་གནང་སྟེ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་དམག་དོན་རྒྱ་སྐྱེད། དེ་བཞིན་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱེད་སྲིད་པའི་གནད་དོན་སོགས་ལ་གྲོས་མོལ་གནང་ཡོད་ཅིང་། འདི་ནི་ཉི་ཧོང་གི་སྲིད་བློན་ཀི་ཤི་ཌ་༢༠༢༡་གི་ཕྱི་ཟླ་༡༠་པའི་ནང་དུ་ཉི་ཧོང་གི་སྲིད་བློན་ལ་འདེམས་བསྐོ་བྱུང་ནས་བཟུང་། ཁོང་གིས་ཨ་རིའི་སྲིད་འཛིན་ལ་མཇའ་འཕྲད་གནང་སྟེ་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་བྱས་པ་ཐེངས་དང་པོ་ཡིན་པ་སོགས་ཀྱི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG