ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷ་ཌན་གྱིས་སྲིད་དབང་བཟུང་ནས་ལོ་གཅིག་འཁོར་བ།


༄༅།། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་སྲིད་དབང་བཟུང་ནས་ལོ་གཅིག་འཁོར་ཡོད་ཅིང་། ཁ་སང་རེས་གཟའ་ལྷག་པའི་ཕྱི་དྲོར་སྲིད་འཛིན་བྷ་ཌན་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་གནད་དོན་གལ་ཆེན་ཁག་ཅིག་གླེང་སློང་བྱུང་བའི་གྲས་སུ་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱ་སྲིད་ཅེས་དམིགས་སུ་བཀར་ནས་ནན་བརྗོད་གནང་འདུག་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་གིས་ཕབ་སྒྱུར་སྙན་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG