ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་རྒྱ་ནག་གི་དཔོན་རིགས་གཉིས་ལ་ཉེས་ཆད་བཅད་པ།


༄༅།། གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་དན་གྱི་གཞུང་གིས་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་གཉིས་ཀྱིས་ཞིན་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་མུ་མཐུད་དེ་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པར་དཔལ་འབྱོར་དང་ཚོང་ལས། འགྲིམ་འགྲུལ་བཀག་སྡོམ་བཅས་ཀྱི་ཉེས་ཆད་བཀལ་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པར་མ་ཟད། ཁེ་ན་ཌ་དང་ཡུ་རོབ་མཉམ་འབྲེལ་སོགས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གི་དཔོན་རིགས་དེ་ཚོར་ཉེས་ཆད་གཅོད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG