ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་གླིང་གྲོས་ཚོགས་ཀྱིས་གསར་འགྱུར་བརྒྱུད་ལམ་གྱི་ཁྲིམས་གཏན་འབེབས།


༄༅། ཉེ་ཆར་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་ཞིག་བཏོན་ནས་མ་འོངས་པར་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ཁང་ཁག་གིས་གསར་འགྱུར་གྱི་ཡོངས་ཁུངས་ལ་རིན་པ་སྤྲོད་དགོས་ཞེས་ཐག་བཅད། ད་ལྟ་ཨོ་གླིང་གྲོས་ཚོགས་ཀྱིས་དངོས་སུ་ཁྲིམས་གཞི་དེ་གཏན་འབེབས་བྱས་ཡོད་པས་རྒྱལ་ཁབ་དེའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། ངོ་དེབ་བཟོ་ཚོང་ཁང་གིས་ཁྲིམས་ལུགས་དེར་ངོ་རྒོལ་གྱི་ཚུལ་དུ་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་འབྲེལ་ངོ་དེབ་དྲྭ་ངོས་འགའ་ཞིག་སྒོ་བརྒྱབ། ད་དུང་ངོ་དེབ་བཟོ་ཚོང་ཁང་གིས་མ་འོངས་པའི་ལོ་གསུམ་གྱི་རིང་ལ་གསར་འགྱུར་ལས་རིགས་ཁག་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཨ་སྒོར་དུང་ཕྱུར་༡༠་འགྲོ་སོང་གཏང་རྒྱུ་ཡིན་ཞེས་བརྗོད་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG