ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༣/༡༤
བོད།
རྒྱ་གར་ལྷོ་ཕྱོགས་སུ་བོད་པ་སེར་སྐྱ་༣༣༤་ཟུར་འགོག
༢༦།༠༣།༢༠༢༠
རྒྱ་གར་ལྷོ་ཕྱོགས་སུ་བོད་པ་སེར་སྐྱ་༣༣༤་ཟུར་འགོག
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
རྒྱ་གར་ལྷོ་ཕྱོགས་སུ་བོད་པ་སེར་སྐྱ་༣༣༤་ཟུར་འགོག
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:09:41
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཐོག་མར་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་རྒྱ་གར་དབུས་དང་ས་གནས་མངའ་སྡེ་གཞུང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ཀྱི་བཀའ་ཁྱབ་ལམ་སྟོན་ལྟར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་ཁག་ལྔར་ད་ལྟའི་བར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་ཁག་ཇི་ལྟར་སྒྲུབ་བཞིན་ཡོད་མེད་དང་མ་འོངས་པར་གནས་སྟངས་དེ་བས་ཀྱང་ཛ་དྲག་ཅན་དུ་གྱུར་ན་གྲ་སྒྲིག་ཅི་ཙམ་ཡོད་མེད། ད་སྔ་བོད་པ་ཅི་ཙམ་ཟུར་འགོག་བྱས་ཡོད་མེད་བཅས་ལ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་གཞིས་འགོ་རྣམ་པར་བཅར་དྲི་ཞུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་ཕྱི་ཚེས་༢༦་བར་དུ་གཞིས་ཆགས་ཁག་ལྔ་དང་དགོན་སྡེ་ཁག་བཅས་སུ་ཁྱོན་བསྡོམས་བོད་པ་སེར་སྐྱ་༣༣༤་ཟུར་འགོག་བྱས་འདུག
མོན་གྷོ་འདོད་རྒུ་གླིང་ལ་མཚོན་ན་ས་གནས་གཞིས་འགོ་ལས་ཁུངས་ཀྱི་སྣེ་ཁྲིད་འོག་མི་མང་དང་དགོན་སྡེ་གྲ་ཚང་ཁག་གི་ལས་སྣེ་སོགས་མཉམ་རུབ་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་གྲ་སྒྲིག་ཞིབ་ཚགས་བསྒྲུབས་ཡོད་ཅིང་། མི་གྲངས་༢༠༠་ཤོང་བའི་ཟུར་འགོག་བྱ་ཡུལ་ཁག་བཞི་གྲ་སྒྲིག་བྱས་འདུག ད་ལྟའི་ཆར་ཟུར་འགོག་བྱ་ཡུལ་ཁག་གཉིས་ལ་དགའ་ལྡན་དང་འབྲས་སྤུངས་ཀྱི་དགེ་འདུན་པ་དང་མི་མང་བཅས་ཁྱོན་བསྡོམས་སེར་སྐྱ་མང་ཚོགས་༡༦༤་ཟུར་འགོག་བྱས་ཡོད་ཅེས་མོན་གྷོ་འདོད་རྒྱུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།།
ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་སློབ་ཕྲུག་རྣམས་གུང་སེང་ལ་ལེན་དུ་ཕྱིན་ཏེ་ཚུར་འཁོར་བའི་ཕ་མ་དང་ཕྲུ་གུ་བཅས་མི་༨༥་དང་ཨ་རི་ནས་འབྱོར་བའི་བོད་པ་གཉིས་བཅས་ཁྱོན་བསྡོམས་མི་༨༧་ཟུར་འགོག་བྱས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཧུན་སུར་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྫོང་ཆོས་གྲྭ་ཚང་དུ་མི་༣་དང་རྒྱུད་སྨད་གྲྭ་ཚང་དུ་མི་༥་བཅས་ཁྱོན་བསྡོམས་མི་༨་ཟུར་འགོག་བྱས་ཡོད་ཀྱང་ད་སྔ་མི་སྐྱ་གནས་ཡུལ་གཞིས་ཆགས་ནང་དུ་མི་མང་ཟུར་འགོག་བྱེད་ཡོད་པ་བྱུང་མེད་པ་དང་། ཧུན་སུར་གཞིས་ཆགས་སུ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ཇི་ལྟར་སྒྲུབ་བཞིན་ཡོད་མེད་བཅས་ལ་གཞིས་འགོ་ཐུབ་བསྟན་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ཇི་ལྟར་སྤེལ་གྱི་ཡོད་མེད་ལ་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་དང་ཕྱི་ནས་ཕེབས་མཁན་ཚོར་འཕྲོད་བསྟེན་བརྟག་དཔྱད་དང་ཟུར་འགོག་གི་མཐུན་རྐྱེན་ཅི་ཙམ་ཡོད་མེད་བཅས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་རིག་འཛིན་རྣམ་རྒྱལ་ལགས་སུ་བཅར་དྲི་ཞུས་ཤིང་། སེར་ར་ཐེག་ཆེན་གླིང་གི་གྲྭ་ཚང་བྱེས་སྨད་གཉིས་ཀྱིས་ཟུར་འགོག་ཁང་གྲ་སྒྲིག་གིས་ད་ལྟའི་ཆར་མི་༨༠་ཡས་མས་ཤིག་ཟུར་འགོག་བྱས་ཡོད་ཅེས་སེར་སྨད་གྲྭ་ཚང་གི་དགེ་བསྐོས་དགེ་བཤེས་དགེ་ལེགས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
དེང་སྐབས་ལྷོ་ཕྱོགས་དགོན་སྡེ་ཁག་དང་གྲྭ་ཚང་ཁག་ལ་ཕྱི་མི་རྣམས་མཆོད་མཇལ་སོགས་ལ་གཏོང་གི་མེད་པ་དང་ཆབས་ཅིག དགེ་འདུན་པ་རྣམས་ཀྱི་ཚོགས་དང་ཆོས་ར། དཔེ་ཁྲིད་སོགས་ཀྱང་ཡོངས་རྫོགས་སུ་མཚམས་འཇོག་བྱས་ནས་ཕྱི་ལ་ཕེབས་མི་ཆོགས་པར་རང་ཤག་ཏུ་དཔེ་ཆ་བློ་འཛིན་དང་སྐྱོར་སྦྱོང་གནང་སྟེ་བཞུགས་འདུག ལྷོ་ཕྱོགས་གཞིས་ཆགསས་ཁག་ལ་མཚོན་ན་བཟའ་བཅའ་དང་སྔོ་ཚོད་སོགས་ཀྱི་ཚོང་ཁང་རྣམས་སྒོ་འབྱེད་ཆོག་གི་ཡོད་པ་ལས། དེ་མིན་ཚོང་རིགས་སྡེ་ཚན་དང་ལས་ཁུངས་ཁག་གནས་སྐབས་རིང་སྒོ་བརྒྱབ་སྟེ་ཕར་ཚུར་འགྲོ་འོང་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
༢༠༢༠ ལོའི་དབྱར་ཁའི་ཨོ་ལིམ་ཕིག་༢༠༢༡ ལ་ཕར་འགྱངས།
བལ་ཡུལ་གཞུང་གིས་མི་དམངས་ལ་འགྲོ་འོང་བཀག་སྡོམ།
བོད་ཀྱི་གསོ་བ་རིག་པ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་བཅོས་ཐབས།
XS
SM
MD
LG