ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༣/༡༤
བོད།
བལ་ཡུལ་གཞུང་གིས་མི་དམངས་ལ་འགྲོ་འོང་བཀག་སྡོམ།
༢༥།༠༣།༢༠༢༠
བལ་ཡུལ་གཞུང་གིས་མི་དམངས་ལ་འགྲོ་འོང་བཀག་སྡོམ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
བལ་ཡུལ་གཞུང་གིས་མི་དམངས་ལ་འགྲོ་འོང་བཀག་སྡོམ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:53
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། དེང་སྐབས་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་ཀྱི་ཡོད་པའི་རྐྱེན་གྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྷུ་གྲོང་ཁྱེར་གྱི་ཟ་ཁང་དང་ཚོང་ཁང་རྣམས་སྒོ་བརྒྱབ། མི་རེ་ཟུང་འགྲོ་འོང་བྱེད་བཞིན་པ་རྣམས་ཀྱང་དམག་མིས་བཀག་སྡོམ་དང་ཉིན་མཚན་གཉིས་ལ་དོགས་ཟོན་ནན་མོ་བྱེད་བཞིན་འདུག
ཟླ་འདིའི་ཕྱི་ཚེས་༢༢་ཉིན་ནས་བཟུང་སྟེ་འདི་ག་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྷུའི་གཞུང་གིས་བཀོད་ཁྱབ་བཏང་ནས་བཀག་སྡོམ་བྱེད་འགོ་ཚུགས། ཕྱི་ཚེས་༢༥་ཉིན་ནས་དམིགས་བསལ་གྱིས་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་གཞུང་ལམ་དང་ཁྲོམ་ལམ་སོགས་ནི་མི་མེད་ལུང་སྟོང་ལྟ་བུ་ཞིག་ཏུ་གྱུར་སོང་། གསར་འགོད་པས་བོད་པ་སྐྱབས་བཅོལ་བ་འདུས་སྡོད་ཀྱི་ས་གནས་འཕགས་པ་ཤིང་ཀུན་ཕྱོགས་སུ་གནས་སྟངས་གང་འདྲ་ཡིན་མིན་འབྲེལ་ཡོད་མི་སྣ་ཞིག་ལ་བཅར་འདྲི་ཞུས། ཁོང་གིས་ང་ནི་ཞོགས་པ་ནམ་མ་ལངས་གོང་གི་ཆུ་ཚོད་ལྔ་པ་ནས་སྐོར་བ་རེ་འགྲོ་བཞིན་ཡོད། འཕགས་ཤིང་མཆོད་རྟེན་མཐའ་རུ་དམག་མིས་སྐོར་སྲུང་ནན་མོ་བྱས་ནས་བསྡད་ཡོད་པར་མ་ཟད། འཕྲུལ་རྟ་དང་རླངས་འཁོར་ལྟ་ཞོག ཐ་ན་སྐོར་བ་འགྲོ་མཁན་རྣམས་ཀྱང་བཀག་འགོག་བྱེད་བཞིན་འདུག དམག་མིས་བརྗོད་དོན་གཙོ་བོ་ནི་མི་རྣམས་རང་ཁྱིམ་དུ་འཛུལ་ནས་འདུག་དགོས། ཕྱི་ལོགས་སུ་འགྲོ་འོང་བྱེད་མི་ཉན་པ་དང་མི་མང་སྤྱི་ཡོངས་ཀྱི་བདེ་ཐང་གི་ཆེད་དུ་ཡིན་པས་ཚང་མས་ཕྱར་བ་གྲུ་འདེགས་བྱ་དགོས་པའི་བཀོད་འདོམས་བྱེད་ཀྱི་འདུག གལ་སྲིད་དམག་མིར་ཁ་ལན་སློག་མཁན་དང་རྩོད་པ་རྒྱག་མཁན་བྱུང་ན་དེ་ལ་རྒྱུག་རྡུང་བྱེད་ཀྱི་འདུག དེར་བརྟེན་ང་ནི་རང་ཁྱིམ་དུ་ཕྱིར་ལོག་བྱས་ནས་བསྡད་ཡོད་ཅེས་བརྗོད་སོང་།
འདི་དང་དུས་མཚུངས་སུ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་མཐའ་འཁོར་དུའང་ཟླ་འདིའི་ཕྱི་ཚེས་༢༣་ཉིན་གྱི་དགོང་མོ་ནས་བཟུང་སྟེ་དངོས་སུ་ཕྱི་མི་གཅིག་ཀྱང་ཡོང་མི་ཆོག་ཅེས་བཀོད་པའི་སྦྱར་ཡིག་མཐོང་རྒྱུ་ཡོད་པ་དང་གཞུང་ལམ་ཁག་དང་ཁྲོམ་ལམ་བཅས་སུ་དམག་མས་སྐོར་གཡེང་བྱས་ནས་བསྡད་འདུག
གཞན་ཡང་རྒྱལ་སའི་ཕྱོགས་སུ་བསྐྱོད་དེ་ཕྱིར་ལོག་བྱས་མ་ཐག་པའི་བོད་པ་ཞིག་གིས་དུས་རྒྱུན་རྒྱལ་སའི་དཀྱིལ་དབུས་ཀྱི་མི་ཚོགས་འདུ་འཛོམས་ཆེ་ཡུལ་དུ་གཞུང་གི་དམག་མི་ཕོན་ཆེན་ཞིག་བཀྲམ་འདུག་ཅེས་འགྲེལ་བརྗོད་བྱས་སོང་། བལ་ཡུལ་གཞུང་གིས་འགྲིམ་འགྲུལ་དང་ཚོང་ལས་སོགས་འགོག་གི་ཡོད་པའི་ཐད་དུ་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བརྗོད་དོན་ལྟར་ན། ད་ལྟའི་ཆར་མི་མང་ཚང་མ་རང་ཁྱིམ་དུ་འཛུལ་ནས་འཕྲོད་བསྟེན་ལ་གཟབ་དགོས། འདི་ནི་གལ་འགངས་ཆེན་པོ་ཡིན་། ཉིན་ཤས་གོང་ནས་ས་གནས་འགོ་འཛིན་ཚང་མར་དབུས་ནས་ཕེབས་པའི་བཀའ་རྒྱ་དང་མང་ཚོགས་ལ་ཏོག་དབྱིབས་རིམས་ནད་འདིར་གཟབ་ནན་བྱ་དགོས་ཞེས་མ་གོ་མ་ཐོས་མེད་པར་གསལ་བསྒྲགས་སྤེལ་ཟིན། ད་ལྟ་ལས་ཁུངས་ཁག་ཡོངས་སུ་སྒོ་བརྒྱབ་ཡོད་ཀྱང་དྲྭ་རྒྱ་བརྒྱུད་ནས་ལས་བྱེད་པ་ཚོ་ཕན་ཚུན་འབྲེལ་བ་ཟམ་མ་ཆད་པར་ཡོད། མང་ཚོགས་འདུས་སྡོད་ཀྱི་ས་གནས་ཁག་གི་གནས་སྟངས་ལ་དཀའ་ངལ་འཕྲད་ཀྱི་ཡོད་མེད་སོགས་དོན་གཅོད་ལས་ཁུང་དང་གངས་ཅན་བདེ་རྩ། ས་གནས་གཞི་ལས་ཁང་བཅས་ཐུན་མོང་གི་ཚོགས་ཆུང་བཙུགས་ནས་ལྟ་རྟོག་ཞིབ་ཚགས་བྱས་དང་བྱེད་བཞིན་ཡོད། ད་དུང་བོད་པའི་སློབ་གྲ་ཁག་དང་རྒན་གསོ་ཁང་བཅས་པ་སྒོ་བརྒྱབ་ནས་མིས་འགྲོ་འོང་བྱ་རྒྱུ་མཚམས་བཞག་ཡོད་། མང་ཚོགས་ཚང་མས་གནས་ཡུལ་རྒྱལ་ཁབ་དང་རང་གཞུང་གི་བཀའ་རྒྱ་གཞིར་བཟུང་ལྟར་ལག་ལེན་བསྟར་དགོས་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་ཡོད་པའི་སྐོར།
བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
XS
SM
MD
LG