ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུ་ཤུ་ཉིན་རེའི་ཚགས་པར་ཉིན་ཤས་ནང་དུ་སྒོ་རྒྱག་རྒྱུ།


༅།། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེའི་སློབ་སྟོན་པས་རེས་གཟའ་ཟླ་བའི་ཉིན་གསལ་སྟོན་བྱས་པ་ལྟར་ན། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་མ་དངུལ་ལ་ཧོང་ཀོང་གཞུང་གིས་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པས་ཉིན་ཤས་ནང་ཚུད་དུ་ཀུ་ཤུ་ཉིན་རེའི་ཚགས་པར་སྒོ་རྒྱག་དགོས་ཐུག་སྲིད་ཅེས་བཤད་ཡོད་ཅིང་། ཚགས་པ་དེའི་བདག་པོ་ཇཱི་མཱི་ལེ་ལ་ཧོང་ཀོང་གི་རྒྱལ་ཁབ་འཇགས་བཅའ་ཁྲིམས་ལྟར་ལོ་གཅིག་དང་ཟླ་བ་༦་གི་བཙོན་འཇུག་ཁྲིམས་ཁག་བཅད་ནས་བཙོན་དུ་བཅུག་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG