ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཧོང་ཀོང་བ་ཚོས་ཀུ་ཤུ་ཉིན་རེའི་ཚགས་པར་མངགས་ཉོ་དང་རྒྱབ་སྐྱོར།


༄༅།། ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་ཤོག་གི་རྩོམ་སྒྲིག་པ་དང་དོ་དམ་པ་སོགས་མཐོ་རིམ་ལས་སྣེ་ལྔ་འཛིན་བཟུང་བྱས་ནས་ཉིན་གཉིས་པ་དེར་ཧོང་ཀོང་གི་གསར་འགོད་རང་དབང་ལ་རྒྱལ་སྐྱོར་ཆེད་དུ་ཧོང་ཀོང་ས་གནས་ཀྱི་མི་མང་པོ་ཞིག་གིས་ཀུ་ཤུ་ཉིན་རེའི་ཚགས་ཤོག་མངགས་ཉོ་བྱས་ཤིང་། རེས་གཟའ་པ་སངས་ཉིན་ཀུ་ཤུ་ཚགས་ཤོག་གི་ལས་ཁུངས་ཀྱིས་ཚགས་པར་གྲངས་འབོར་དེ་ནམ་རྒྱུན་ལས་ལྡབ་ལྔ་མང་བ་དཔར་ཏེ་ཚགས་པར་འབུམ་ལྔ་ལྷག་འགྲེམ་སྤེལ་ཐུབ་འདུག ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་ཤོག་ལས་ཁུངས་ཀྱི་མཐོ་རིམ་མི་སྣ་ལྔ་འཛིན་བཟུང་དང་ལས་ཁུངས་དེའི་མ་རྩ་ཨ་སྒོར་ས་ཡ་གཉིས་དང་འབུམ་གསུམ་ལྷག་བཀག་སྡོམ་བྱས་ཡོད་པར་མ་ཟད། གསར་འགྱུར་གྱི་རྒྱུ་ཆ་གསོག་འཇོག་བྱ་ཡུལ་སྲ་སྡེར་༤༤་བཙན་འཕྲོག་བྱས་པ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་དེ་ཧོང་ཀོང་ལ་ལག་ལེན་བསྟར་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཕྱོགས་ཡོངས་ནས་དམ་དྲག་བྱས་པ་ཐོག་མ་དེར་གྱུར་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG