ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དུ་བོད་པའི་བུ་མོ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག


༄༅།། བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཤུག་གསེབ་ཟུར་འགོག་ཁང་དུ་བོད་པའི་བུ་མོ་ལོ་ན་༡༩་ལ་སོན་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག ཁ་སང་ཕྱི་ཚེས་༢༡་ཉིན་བོད་པའི་བུ་མོ་དེ་ཀང་ར་རྫོང་གི་སྐོར་སུང་བ་དང་སྨན་པ་བཅས་ཀྱིས་མྱུར་དུ་རླངས་འཁོར་ནང་དུ་འཁྱེར་ནས་དྷ་ཞེས་པའི་ས་གནས་སུ་བུད་མེད་འབའ་ཞིག་གི་བསྟེན་གཏུག་སྨན་ཁང་ཞིག་ཡོད་པ་དེར་ཟུར་འགོག་བྱས་ནས་ནད་རྟགས་མི་མངོན་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་པ་གཏན་ཁེལ་བྱུང་འདུག་པར་མ་ཟད། བུ་མོ་དེར་འབྲེལ་ཐུག་བྱུང་བའི་བོད་པ་ཚོ་དབུས་བོད་མིའི་སྒྲིག་འཛུགས་དང་ཀང་ར་རྫོང་གིས་རྩད་གཅོད་བྱེད་བཞིན་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

A Tibetan girl aged 19 was tested COVID-19 positive in Dharmsala
please wait

No media source currently available

0:00 0:04:23 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG