ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྔ་དྲོའི་རླུང་འཕྲིན།༢༠༢༡་ཟླ་༠༧ཚེས་༢༡


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དྲ་ལམ་བརྒྱུད་ཨ་རི་སོགས་རྒྱལ་ཁབ་གཞན་གྱི་གསང་བའི་གནས་ཚུལ་བརྐུ་འཁྱེར་བྱེད་མཁན་རྒྱ་ནག་གི་དྲ་ཇག་མི་སྣ་བཞི་ཨ་རིར་ཁྲིམས་སྦྱོར་ཞུ་གཏུག་བྱས་ཡོད་པ། རྒྱ་གར་དུ་ཏོག་དབྱིབས་རིམས་ནད་ཀྱིས་འདས་གྲོངས་སུ་ཕྱིན་པའི་མི་གྲངས་དེ་གཞུང་གིས་གསལ་བསྒྲགས་སྤེལ་ཡོད་པའི་མི་གྲངས་ལས་མང་བ་ཡོད་པའི་སྙན་ཐོ་བཏོན་ཡོད་པ། རྒྱ་ནག་གི་དམག་དོན་རྒྱ་བསྐྱེད་ལ་ཁ་གཏད་འཇལ་ཆེད་ཉི་ཧོང་དང་དབྱིན་ཇིས་དམག་དོན་འབྲེལ་ལམ་ཡར་རྒྱས་སུ་གཏོང་འཆར་ཡོད་པ། ཨ་མ་བཟོན་ཚོང་དོན་སྤྱི་གཉེར་ཁང་གི་འགན་འཛིན་བྷས་གཟོ་མཁའ་དབྱིངས་སུ་དམིགས་བསལ་འཕུར་བསྐྱོད་བྱས་ནས་བདེ་ཐང་ངང་ཕྱིར་ལོག་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།

XS
SM
MD
LG