བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམར་ཤོག་ཚོགས་པ་བཙུགས་པའི་དུས་སྟོན་དང་བསྟུན་ནས་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་སོགས་ལྷོད་ཡང་དུ་གཏོང་བཞིན་ཡོད་ནའང་། གྲོང་གསེབ་ཁག་ཏུ་དུས་སྟོན་འཚོགས་རྒྱུ་གཞི་ནས་མགོ་བཙུགས་ཡོད་པ། ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དམིགས་ནས་ཉིས་སྟོང་ཉེར་གཉིས་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཡོ་རོབ་མཐུན་ཚོགས་ཀྱི་མགོ་ཁྲིད་སོགས་མཉམ་ཞུགས་མི་བྱ་རྒྱུའི་ཆེད་དུ་མང་མོས་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ། ཡོ་རོ་སི་བས་སུ་རུ་ཡོད་པའི་བོད་ཀྱི་གཞས་པ་ཞིག་གིས་གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་དུས་སྐབས་དང་བསྟུན་ནས་དུས་ཡུན་ཟླ་གཅིག་གི་རིང་རོལ་དབྱངས་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། བལ་ཡུལ་གྲོས་ཚོགས་ཀྱི་གནད་དོན་དང་འབྲེལ་ནས་ཡུལ་དེའི་ཕྱོགས་འགལ་སྲིད་དོན་ཚོགས་དག་གིས་མུ་མཐུད་ནས་ངོ་རྒོལ་སྤེལ་རྩིས་ཡོད་པ་བཅས་ཀྱི་གནས་ཚུལ་སོགས་ཡོད།
ལེ་ཚན།
-
སྤྱི་ཟླ་བཅུ་གཉིས་པ། ༠༣།༢༠༢༣
སྔ་དྲོའི་རླུང་འཕྲིན།
-
སྤྱི་ཟླ་བཅུ་གཉིས་པ། ༠༢།༢༠༢༣
སྔ་དྲོའི་རླུང་འཕྲིན།
-
སྤྱི་ཟླ་བཅུ་གཉིས་པ། ༠༡།༢༠༢༣
ཨ་རིས་རྒྱ་གར་གྱི་དཔོན་རིགས་ཤིག་ལ་སྐྱོན་འཛུགས་བྱས།
-
སྤྱི་ཟླ་བཅུ་གཉིས་པ། ༠༡།༢༠༢༣
ཚེ་དབྱིན་ཝེན་གྱིས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཁག་པོ་ཆགས་ཡོད་ཅེས་བརྗོད།
-
སྤྱི་ཟླ་བཅུ་གཉིས་པ། ༠༡།༢༠༢༣
ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་གར་བྱང་ཤར་མངའ་སྡེའི་ནང་གཟིགས་སྐོར་གནང་།
-
སྤྱི་ཟླ་བཅུ་གཉིས་པ། ༠༡།༢༠༢༣
ཏཱ་ལའི་བླ་མ་མཐོ་སློབ་ནས་འབུམ་རམས་པ་བདུན་བསླབ་པ་མཐར་སོན་བྱུང་།