ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༣་ཚེས་༣༠།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་དོན་དྲིལ་སྒྲོག་གི་ཆེད་རྒྱ་གར་རྒྱལ་ཡོངས་སུ་འཕྲུལ་རྟར་ཞོན་ནས་སྐོར་བསྐྱོད་གནང་མཁན་ལས་འགུལ་བ་རྣམས་ཀྱིས་གྲོང་ཁྱེར་ཅན་ངྷི་སྒར་དུ་ལས་འགུལ་གྱི་དམིགས་ཡུལ་སོགས་ཀྱི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ། འབར་མ་མི་དམངས་ཀྱིས་མུ་མཐུད་ནས་དྲག་པོའི་དམག་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་བཞིན་པ་དང། གཞུང་གིས་བསད་རྨས་དང་འཛིན་བཟུང་བྱས་པའི་མི་གྲངས་མང་ནས་མང་རུ་འགྲོ་བཞིན་ཡོད་པ། ཨ་རིིའི་རིམས་ནད་སྔོན་འགོག་ལས་ཁུངས་དང་སྲིད་འཛིན་བཅས་ནས་རིམས་ནད་གཙང་སེལ་མ་བྱུང་བར་དུ་ཁ་རས་གྱོན་ནས་གཟབ་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ། ཧོང་ཀོང་དུ་རྒྱ་ནག་གཞུང་གིས་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་བཏང་ནས་མི་དམངས་ཀྱིས་ཐད་ཀར་འཐུས་མི་འོས་འདེམས་བྱེད་ཕྱོགས་ལ་འགྱུར་བ་ཐེབས་ཡོད་པ་སོགས་ཀྱི་ནང་དོན་ཡོད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG