ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༣་ཚེས་༡༣།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་ས་གནས་གཞུང་གིས་བོད་ཀྱི་ས་ཁུལ་མཚོ་ལྷོ་བོད་རང་སྐྱོང་ཁུལ་ནས་ཡིན་པའི་སློབ་མ་གཉིས་འཛིན་བཟུང་བྱས་པའི་ཞིབ་ཕྲའི་གནས་ཚུལ་གྱི་སྐོར་དང་། ཨ་རིའི་ནིག་ཡོག་དང་ནིག་ཇིར་སས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་རེ་གཉིས་པ་སྲུང་བརྩི་བྱས་ཡོད་པ། མི་རིང་བར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁིན་དང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགོ་ཁྲིད་བང་ཡུས་སོགས་གནད་ཡོད་མི་སྣས་ཐུག་འཕྲད་གྲོས་མོལ་བྱེད་འཆར་ཡོད་པའི་ཐད་དབྱེ་ཞིབ་བྱས་ཡོད་པ། ཨ་རིའི་སྲིད་འཛིན་ཇོ་བྷད་ཊན་གྱིས་འཛམ་གླིང་སྟེང་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་གྱིས་འདང་གི་མེད་པའི་དཀའ་ངལ་ལ་གདོང་ལེན་བྱ་འཆར་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG