ངོ་འཕྲད་བདེ་བའི་དྲ་འབྲེལ།

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༣་ཚེས་༣


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་གྱི་གསུང་ཆོས་ཐོག་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་ནན་མོ་གནང་བ་དང་། སྲིད་སྐྱོང་གི་ཕྱོགས་ཕེབས་དང་འབྲེལ་བའི་གནས་ཚུལ། ཊམ་གྱི་ཆབ་སྲིད། ཧོང་ཀོང་དུ་འཛིན་བཟུང་། ཨི་རན་གྱི་རྡུལ་ཕྲན་གསར་འགྱུར་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་ལྷན་མགོ་མཇུག་འཆོལ་བའི་བོད་ནང་གི་ཡར་རྒྱས་འཛུགས་སྐྲུན་ཞེས་པའི་སྙན་ཐོའི་ཐད་བགྲོ་གླེང་ཞུས་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་ལ་དྭགས་སེམས་བསྐྱེད་ཚོགས་པའི་ཚོགས་གཙོ་རྒན་ཚུལ་ཁྲིམས་བཟང་པོ་དང་། སློབ་སྟོན་པ་སྐུ་ཞབས་འཇམ་དབྱངས་རྒྱལ་མཚན་ལགས་གཉིས་ལ་སེམས་བསྐྱེད་གསུང་ཆོས་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG