ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༡་ཚེས་༢༧


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་འཛམ་གླིང་གང་སའི་གྲོང་ཁྱེར་སྤྱི་ཁྱབ་མང་པོ་ཞིག་ལ་བཀའ་སློབ་གནང་བ་དང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་དང་སྲིད་ཇུས་ལངས་ཕྱོགས། རྒྱ་གར་དུ་མང་གཙོ་དུས་ཆེན་སྲུང་བརྩི། ནེའུ་ཡོག་ཏུ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱས་པ་སོགས་ཀྱི་གནས་ཚུལ་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ནེའུ་ཡོག་གི་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ལ་ཨ་རིའི་ཕྱི་མི་གཞིས་ཆགས་ཀྱི་སྲིད་ཇུས་གསར་པའི་ཐད་བཅར་འདྲི་ཞུས་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ལ་བོད་མཐོ་སྒང་གི་ས་འོག་འཁྱགས་རོམ་གྱི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG