ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༢ཚེས་༢༤


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཐད་ཀྱི་ཁྲིམས་ཡིག་ཅིག་གཏན་འབེབས་བྱས་ཡོད་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ཡ་ལན་སློག་ཡོད་པ། བོད་ཀྱི་ན་གཞོན་ཞིག་གིས་རང་གིས་བཟོས་པའི་གནམ་གྲུ་ཆུང་ཆུང་ཞིག་འཕུར་སྐྱོད་བྱེད་དུ་བཅུག་པའི་སྔོན་ཆད་ཀྱི་གནས་ཚུལ་ཞིག་ལ་ཉེ་ཆར་དྲ་ལམ་ཏུ་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་པ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཞིག་གིས་འཕྲིན་གཏོང་བརྒྱུད་ལམ་ཡར་རྒྱས་གཏོང་རྒྱུར་རྒྱ་ནག་གི་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱེད་རྒྱུའི་ཐད་ཨ་རིའི་གྲོས་ཚོགས་འཐུས་མིས་ཉེན་བརྡ་བཏང་ཡོད་པ། ཨ་རིའི་སྲིད་འཛིན་ནས་རིམས་ནད་ལ་རྐྱེན་བྱས་པའི་རོགས་སྐྱོར་མ་དངུལ་ད་དུང་མང་རུ་མ་བཏང་ཚེ་ཁྲིམས་འཆར་དེར་མིང་རྟགས་བཀོད་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཡོད།

XS
SM
MD
LG