ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཀུན་གླེང་། ༢༠༢༠ ཟླ་༡༡ ཚེས་༢༧


ཀུན་གླེང་། ༢༠༢༠ ཟླ་༡༡ ཚེས་༢༧
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་དུ་ཨ་རིའི་སྲིད་འཛིན་དང་འདེམས་ཐོན་སྲིད་འཛིན་གཉིས་ཀས་དྲིན་གཟོའི་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དུས་ཆེན་གྱི་སྐབས་འདིར་ཨ་རིའི་ནང་འགྲུལ་བཞུད་དང་ནད་དུག་བརྟག་དཔྱད་བྱ་མཁན་མང་དུ་བྱུང་ཡོད་པ། རྒྱ་གར་དུ་བཟོ་སྐྲུན་བྱས་པའི་ནད་དུག་གི་འགོག་ཁབ་ལ་རེ་ལྟོས་ཆེན་པོ་ཡོང་བཞིན་པ། རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་སྤྱི་ཚོགས་སུ་ཏོག་ནད་ཁྱབ་ཚད། ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་དབང་ཚད་བཅས་ཀྱི་གསར་འགྱུར་ཡོད། ཐེངས་འདིའི་དྲ་སྣང་གི་བོད་དུ་རྒྱ་ཡིག་གསུང་རྩོམ་གྱི་གློག་དེབ་དང་། བོད་ནང་ལྕགས་ལམ་འཛུགས་སྐྲུན་གྱི་དབྱེ་ཞིབ་རྩོམ་ཡིག བོད་སྐད་ནང་བརྙན་པར་ཟིན་ཐོ་བཟོ་མཁན་གྱི་རྒྱ་གར་བ་ཞིག་ངོ་སྤྲོད་སོགས་ཡོད། ཐེངས་འདིའི་ཀུན་གླེང་དུ་༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་ལངས་མཁན་བཀྲ་ཤིས་སྟོབས་རྒྱལ་ལགས་ལ་བཅར་འདྲི་ཞུས་པ་དང་། ཨ་རིའི་འདེམས་ཐོན་སྲིད་འཛིན་གྱིས་འདེམས་སྒྲུག་བྱས་པའི་དྲུང་ཆེ་དང་སློབ་སྟོན་པ་དག་ངོ་སྤྲོད་དང་། དེ་ལས་འཕྲོས་པའི་ཨ་རིའི་གཞུང་གིས་རྒྱ་ནག་ལ་འཛིན་སྲིད་པའི་སྲིད་ཇུས་ལ་དབྱེ་ཞིབ་བྱས་ཡོད།།

XS
SM
MD
LG