ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༩

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༧


ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༧
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་གནང་བ་དང་། ཨི་སི་རེལ་གྱིས་ཨི་རན་ལ་ཡ་ལན་སློག་པར་ངོ་རྒོལ་དང་གནོན་ཤུགས། ཨ་རི་དང་ཨི་རག་གི་འབྲེལ་ལམ། ཡུག་ཀེ་རེན་ནང་ཨ་རིའི་རོགས་སྐྱོར་ག་དུས་ཡོང་མིན་གྱི་བློ་འཚབ། རྒྱ་གར་གྱི་འོས་བསྡུ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བྱང་ཨ་རིར་འཚམས་གཟིགས་ཀྱིས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་དང་བོད་མི་ཚོར་བཀའ་སློབ། ལྷག་པར་དུ་རྒྱལ་ས་ཝ་ཤིན་ཀྲོན་དུ་ཕེབས་ཡོད་པའི་དུས་འདིར་ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱིས་ངོས་ལེན་བྱུང་་བ་བཅས་ཀྱི་ཐད་ལ་མིགས་བསལ་བཅར་འདྲི་ཞུ་རྒྱུ་ཡིན། གཟའ་ལྷག་པ་དང་པ་སངས་ཉིན་གྱི་ཀུན་གླེང་ལས་རིམ་ནང་ཀུན་གླེང་གསར་འགྱུར་དང་། དྲ་སྣང་གི་བོད། ཆབ་སྲིད་བཙོན་པ་ངོ་སྤྲོད། བརྗོད་གཞི་གལ་ཆེན་གྱི་ཐད་བགྲོ་གླེང་གི་ལེ་ཚན་བཅས་གོ་སྒྲིག་བྱས་ཡོད། ཀུན་གླེང་ལས་རིམ་ནི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་དང་ཕྱེད་ཀའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་བ་ནས་༡༡ གི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་༡༡ གི་་བར་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་བཅས་སུ་ཐད་གཏོང་བྱེད་པ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG