ངོ་འཕྲད་བདེ་བའི་དྲ་འབྲེལ།

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༢ ཚེས་༡༡


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དགའ་ལྡན་ལྔ་མཆོད་ཉིན་བསྟན་འགྲོའི་དོན་དུ་ཡུན་རིང་འཚོ་བཞུགས་གནང་བ་དང་། བཞུགས་སྒར་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་༣༡ འཁོར་བའི་དུས་དྲན་སྲུང་བརྩི། འཛམ་གླིང་བཟའ་འབྲུ་ལས་འཆར་ལ་ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ། དབྱིན་ཡུལ་དུ་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་རྒྱག་འགོ་ཚུགས་པ། ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་ཁ་གྲངས་གཏན་ལ་འབེབ་འཆར་ཡོད་པ་སོགས་ཡོད། ཐེངས་འདིའི་དྲ་སྣང་གི་བོད་དུ་པར་རིས་དང་ལོ་རྒྱུས་སྦྱར་བའི་ཕྱག་དཔེ་མངགས་ཉོ་བྱེད་ས་དང་། ༼ལམ་ཡིག་༽ དྲ་རྒྱའི་རིག་གནས་ཀྱི་བང་མཛོད། ཞང་བོད་དཔེ་ཁང་ཆེན་མོ། ༼རང་ཐར་༽ རྩོམ་རིག་དྲ་བ་སོགས་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་ཀུན་གླེང་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་དང་འབྲེལ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་དགོངས་འགྲེལ་དང་། དེ་རིང་གི་ང་ལ་སྤྱི་འཐུས་ཀྱི་འོས་འཕེན་རོགས་ཞེས་པའི་ལེ་ཚན་ནང་དབུས་གཙང་སྤྱི་འཐུས་ལ་ལངས་མཁན་ལྔ་དང་མདོ་སྨད་སྤྱི་འཐུས་འོས་མིར་ལངས་མཁན་གཉིས་ངོ་སྤྲོད་བྱས་ཡོད།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG