ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

མངའ་སྡེ་ཇོར་ཇི་ཡའི་ནང་གི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་བསྡུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཇོར་ཇི་ཡའི་ནང་གི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་གདན་སྟེགས་སུ་ལ་འཐོབ་རྒྱུ་ཡིན་པ་དེས་འདེམས་ཐོན་སྲིད་འཛིན་བྷ་ཌན་གྱི་གཞུང་གསར་པའི་ལོ་དང་པོ་དང་གཉིས་པའི་ནང་སྲིད་དོན་ཚོགས་པ་གང་ལ་དབང་ཤུགས་ཆེན་པོ་ཡོད་པ་ཐག་གཅོད་རྒྱུ་ཡིན་པའི་སྐོར། གསར་འགོད་པས་སྤེལ་བའི་གནས་ཚུལ་པདྨ་རྡོ་རྗེས་ངོ་སྤྲོད།

ཨ་རིའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་གཙོ་བོ་གཉིས་ཀྱི་དབང་ཤུགས་ཆེ་ཆུང་ནི་ད་ལྟ་ལྷོ་ཕྱོགས་མངའ་སྡེ་ཇོར་ཇི་ཡའི་ནང་གི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ཆགས་ཡོད། གྲོས་ཚོགས་གོང་མའི་གདན་སྟེགས་འདི་གཉིས་སུ་ལ་འཐོབ་རྒྱུ་ཡིན་པ་དེས་འདེམས་ཐོན་སྲིད་འཛིན་བྷ་ཌན་གྱི་གཞུང་གསར་པའི་ལོ་དང་པོ་དང་གཉིས་པའི་ནང་སྲིད་དོན་ཚོགས་པ་གང་ལ་དབང་ཤུགས་ཆེན་པོ་ཡོད་པ་ཐག་གཅོད་རྒྱུ་ཡིན་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀེ་ཧྥི་རོན་གྱིས་སྤེལ་བའི་གནས་ཚུལ་པདྨ་རྡོ་རྗེས་ངོ་སྤྲོད་ཞུས་ཡོད།
XS
SM
MD
LG