ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༡ཚེས་༧


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་སྔ་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འདེམས་ཤོག་རྩིས་བཤེར་བྱས་པ་ལྟར་ན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇོ་བྷད་ཊན་ལ་རྒྱལ་ཁབ་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པས་ཁོང་གི་བདེ་འཇགས་ཀྱི་ཐད་སྲུང་སྐྱོབ་མི་སྣ་མང་རུ་བཏང་ཡོད་པ། བོད་ནང་གི་ཆོས་སྡེ་ཆེན་མོ་ཡ་ཆེན་སྒར་ཏུ་རྒྱ་གཞུང་གིས་རྒན་གསོ་ཁང་ཞིག་འཛུགས་རྒྱུར་ཁ་གཡར་ནས་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་པ་མ་ཟད་ས་གནས་དེ་གའི་དུད་ཁྱིམ་བདུན་གྱི་ས་ཆ་གཞུང་བཞེས་བཏང་ཡོད་པ། ཨ་རིའི་གཞུང་གིས་དེ་སྔོན་ཤར་ཏི་ཀི་སི་ཐན་གྱི་ཚོགས་པ་ཞིག་འཇིགས་སྐུལ་རིང་ལུགས་པའི་མིང་ཐོ་ཡི་གྲས་སུ་འཁོད་ཡོད་པ་དེ་ཕྱིར་འཐེན་བྱས་པ། ཐེ་ཝན་གྱི་སྲིད་འཛིན་ནས་མ་འོངས་བའི་ཨ་རིའི་སྲིད་འཛིན་དང་མཉམ་དུ་ཨ་རི་དང་ཐེ་ཝན་བར་གྱི་འབྲེལ་ལམ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།

XS
SM
MD
LG