ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༡༠ ཚེས་༣༠


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་དུ་ཨ་རིའི་འོས་བསྡུའི་ཁྲོད་ཀྱི་སྲིད་འཛིན་འོས་མི་གཉིས་ཀྱི་དྲིལ་བསྒྲགས་དང་། ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་ཀྱི་འགྲན་རྩོད། དེ་བཞིན་ཏོག་དབྱིབས་རིམས་ནད་འཛམ་གླིང་ཡོངས་ལ་ཁྱབ་ཚད། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་ལ་འཚམས་གཟིགས་གནང་བ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཁག་ཅིག་འཛིན་གྲྭ་ཡར་འཚོག་བྱ་རྒྱུ་ཡིན་པ་སོགས་ཡོད། དེ་རིང་དྲ་སྣང་གི་བོད་དུ་བོད་ཀྱི་ངག་རྒྱུན་ལོ་རྒྱུས་ཀྱི་ལས་གཞི་དང་། དྲ་ལམ་གྱི་བོད་དོན་རྩོམ་ཡིག་སོགས་ངོ་སྤྲོད་བྱས་ཡོད། དེ་རིང་གི་ཀུན་གླེང་དུ་ཨ་རིའི་འོས་བསྡུ་ཆེན་མོའི་གནས་སྟངས་དང་། གྲོས་ཚོགས་འཐུས་མིའི་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་གི་འོས་བསྡུའི་ནང་གི་གནས་སྟངས་ཐད་བགྲོ་གླེང་བྱས་ཡོད།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG