ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༡༠་ཚེས་༡༥


ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕས་ཨོ་ཡིས་ཨ་རིའི་གཞུང་གིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་འཇོག་བྱས་ཡོད་པའི་གནས་ཚུལ་གསལ་བསྒྲགས་སྤེལ་ཡོད་པ། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་ཉིས་བརྒྱ་ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད་པ། ད་ལོའི་ཨ་རིའི་སྲིད་འཛིན་འོས་མི་གཉིས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། རྡུལ་ཕྲན་མཚོན་ཆའི་གནད་དོན་སོགས་རྒྱལ་སྤྱིའི་གནས་སྟངས་ཁག་ཅིག་གི་ཐད་བསམ་ཚུལ་མཐུན་གྱི་མེད་པ། ཉེ་ཆར་རྒྱ་དཀར་ནག་གཉིས་ཀྱི་དམག་སྡེ་རིམ་པའི་མགོ་ཁྲིད་ནས་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་ཐད་གྲོས་མོལ་ལམ་ལྷོང་མ་བྱུང་བའི་རྗེས་ལ་རྒྱ་ནག་གིས་ངན་ཁག་ཡོད་ཚད་རྒྱ་གར་གྱི་སྟེང་དུ་གཡུག་བཞིན་པ་སོགས་ཀྱི་གནས་ཚུལ་ཡོད།

XS
SM
MD
LG