ངོ་འཕྲད་བདེ་བའི་དྲ་འབྲེལ།

སྔ་དྲོའི་རླུང་འཕྲིན།༢༠༢༠་ཟླ་༩་ཚེས་༩


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་བོད་ཀྱི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག ཨ་རིའི་ཉིག་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བོད་ཀྱི་གྲོང་གསེབ་ཁག་ཏུ་ཉེན་རྟོག་ལས་ཁུངས་བཙུགས་ནས་བོད་མིའི་འགྲོ་འདུག་ལ་སྔར་ལས་སྟངས་འཛིན་ནན་མོ་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་པ། ཉེ་ཆར་རྒྱ་གར་ཨ་རོ་ན་ཅཱལ་མངའ་སྡེའི་ནང་མི་ལྔ་གར་སོང་ཆ་མེད་དུ་གྱུར་བ་དག་རྒྱ་ནག་གིས་འཛིན་བཟུང་བྱས་འདུག་པའི་གནས་ཚུལ་གོ་ཐོས་བྱུང་བ་རྒྱ་གར་དཔོན་རིགས་ཞིག་གིས་ཁྲོས་ཁྲིར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ། རྒྱ་ནག་གཞུང་གིས་སོག་པོའི་ས་ཁུལ་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱ་རྒྱུར་ཚོད་འཛིན་བྱས་པས་སོག་པོའི་མི་དམངས་ཀྱིས་ངོ་རྒོལ་བྱས་ཡོད་ཅིང་། དེ་ལ་བརྟེན་ནས་ངོ་རྒོལ་བ་རྣམས་ལ་དྲག་གནོན་དང་མི་ཉི་ཤུ་རྩ་གྲངས་འཛིན་བཟུང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཡོད།

XS
SM
MD
LG