ངོ་འཕྲད་བདེ་བའི་དྲ་འབྲེལ།

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ ཚེས་༢༩


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ལགས་སྐུ་གཟུགས་བདེ་མིན་གྱི་དབང་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འཆར་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་ཐུགས་སྨོན་འཚམས་འདྲི་གནང་ཡོད་པ། རྒྱ་གར་དུ་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཆེ་རུ་ཕྱིན་ནས་ད་ལྟ་འཛམ་གླིང་ནང་རིམས་ནད་ཁྱབ་ཚད་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་པ། རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་ཉིན་མོ་ཅེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩིའི་ཉིན་མོར་ཐེ་ཝན་གྱི་འབྲེལ་ཡོད་ཚོགས་པ་ཁག་ནས་དམངས་གཙོ་དོན་གཉེར་བ་ལིས་མིན་ཆིས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ། གཞན་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་རྒྱས་འཛོམས་ཚོགས་ཆེན་དང་བསྟུན་ནས་སྲིད་འཛིན་འོས་མི་གཉིས་ཀྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཐད་ཞིབ་བསྡུར་བྱས་ཡོད་པའི་གནས་ཚུལ་བཅས་ཡོད།

XS
SM
MD
LG