ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཐེ་ཝན་གྱི་སྲིད་འཛིན་དམ་པ་ལི་ཏིང་ཧུའི་མཛད་རྗེས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་རྗེས། ༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་སྟེ་ཁོང་ནི་བོད་མིའི་མཐུན་ཕྱོགས་གྲོགས་པོ་ཞིག་ཡིན་ཞེས་གསུངས། ཐེངས་འདིའི་ཀུན་གླེང་དུ་བོད་དང་རྒྱ་ནག་སྐོར་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་སྲིད་འཛིན་དམ་པ་ལི་ཏིང་ཧུའེ་མཛད་རྗེས་ངོ་སྤྲོད་ཞུས་ཡོད།

ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོས་ཐུགས་གསོའི་གསུང་འཕྲིན་གནང་སྟེ་ཁོང་ནི་བོད་མིའི་མཐུན་ཕྱོགས་གྲོགས་པོ་ཞིག་ཡིན་ཞེས་གསུངས་འདུག

ཁོང་གིས་ཐེ་ཝན་གྱི་སྲིད་འཛིན་གནང་པའི་རིང་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་སྒྱུར་ཐེངས་དང་པོ་མཛད་ཡོད་པ་རེད། བོད་དང་རྒྱ་ནག་སྐོར་དབྱེ་ཞིབ་གནང་མཁན་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཁོང་གིས་ཐེ་ཝན་དུ་ཡུན་རིང་ཕྱག་ལས་གནང་སྐབས་ཀྱི་ཉམས་མྱོང་དང་བཅས་ཐེ་ཝན་དུ་མི་གཅིག་དབང་སྒྱུར་ནས་དམངས་གཙོའི་ལམ་ལ་འགྱུར་བ་སོང་སྟངས་དང་། བོད་དང་ཐེ་ཝན་གཉིས་ཀྱི་དབུ་ཁྲིད་དབར་གྱི་འབྲེལ་ལམ་སྐོར་ཀུན་གླེང་དུ་ཞིབ་བརྗོད་གནང་ཡོད།།

XS
SM
MD
LG