ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ཚེས་༡༥


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་རྒྱ་གར་དུ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་བདུན་བཅུ་དོན་གྲངས་འགོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ནས་ཀྱང་ཉིན་མོ་འདི་སྲུང་བརྩི་བྱས་ཏེ་བོད་མི་ཡོངས་ཀྱི་ཚབ་བྱས་ནས་རྒྱ་གར་ལ་འཚམས་འདྲི་བྱས་ཡོད་པ། བྷེ་ལ་རུ་སི་རྒྱལ་ཁབ་ཏུ་སྲིད་འཛིན་འོས་བསྡུ་དང་འབྲེལ་ནས་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་པ་ད་དུང་མུ་མཐུད་ནས་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་ཀྱི་སྐོར། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཨས་རན་དུ་གོ་མཚོན་བཀག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་མགོ་བཏོན་པར་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ནས་ངོས་ལེན་བྱས་མེད་པ། རྒྱ་དཀར་ནག་གཉིས་ཀྱིས་བོད་དང་རྒྱ་གར་གྱི་ས་མཚམས་གནད་དོན་ཐད་མུ་མཐུད་ནས་གྲོས་མོལ་བྱེད་ཐབས་བྱེད་བཞིན་པ།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG