རིམས་ནད་ཁྲོད་ཀྱི་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།
དེ་རིང་ནི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཡིན་ལ། ནམ་རྒྱུན་ཉིན་མོ་དེར་འཛམ་གླིང་ཡུལ་གྲུ་ཁག་མང་པོ་ཞིག་གི་ནང་། ངལ་རྩོལ་མི་དམངས་རྣམས་ཀྱིས་ཐོབ་ཐང་རྩོད་གླེང་གིས་རྔམ་སྟོན་ཁྲོམ་སྐོར་བྱེད་སྲོལ་ཡོད་པ་རེད། ཡིན་ན་ཡང་ད་ལོར་ཏོག་དབྱིབས་ནད་དུག་གི་རྐྱེན་ལས་རྒྱལ་ཁབ་མང་པོས་འགྲོ་འོང་བཀག་སྡོམ་བྱས་པར་བརྟེན། རྔམ་སྟོན་ཁྲོམ་སྐོར་མེད་པ་ཆགས་ཡོད་པའི་གནས་ཚུལ་སོགས་ཚེ་རིང་དབང་མོས་སྙན་སྒྲོན་ཞུ་གི་རེད།