ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འཐབ་འཁྲུག་སོགས་ཀྱིས་མི་བྱེ་བ་༦་མ་ཟིན་ཙམ་རང་གནས་སུ་ཆགས་མ་ཐུབ་པ།


༄༅།། རྒྱལ་སྤྱིའི་རང་གནས་ཕྱིར་འབུད་རྟོག་ཞིབ་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོ་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། འཛམ་གླིང་རྒྱལ་ཁབ་ཁག་ལ་ནང་འཁྲུག་ལངས་ནས་མི་མངརྣམས་རང་གནས་སུ་ཆགས་མ་ཐུབ་པའི་གྲངས་འབོར་ནི་སྔར་ལས་ཇེ་མང་རེད། ཡིན་ནའང་འཛམ་གླིང་གི་ཡུལ་གྲུ་གང་སར་འགྱུར་ལྡོག་རིམ་པ་ཞིག་ཐེབས་ཀྱི་ཡོད་པ་དེས་མི་ཚོར་འགྱུར་བ་ཞིགགཏོང་དགོས་པའི་འདུན་པ་ཆེན་པོ་ཞིག་སྐྱེ་བཞིན་པ་མཚོན་ཐུབ། འདས་པའི་ལོ་དེར་འཛམ་གླིང་ཁྱོན་ཡོངས་སུ་མི་༥༨༠༠༠༠༠༠་ནང་འཁྲུག་དང་རང་བྱུང་ཁམས་ཀྱི་གནད་འཚེའི་འོག་ཏུ་རང་གནས་སུ་ཆགས་མ་ཐུབ་པ་གྱུར་འདུག མི༤༥༠༠༠༠༠༠་ནང་འཁྲུག་འབའ་ཞིག་ལ་བརྟེན་ནས་རང་གནས་སུ་ཆགས་ཐུབ་མེད་ཅིང་ ད་ལྟ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་གི་རིམས་ནད་ཅིག་ཁྱབ་ནས་མི་རྣམས་རང་གནས་སུ་ཆགས་མི་ཐུབ་པའི་དཀའ་ངལ་གསར་པ་ཞིག་གི་ཉེན་ཀ་འབྱུང་གི་འདུག རྒྱ་ནག་དཀར་ནག་གཉིས་གཅིག་པུར་མི་༤༠༠༠༠༠༠་ལྷག་རང་གནས་སུ་ཆགས་མ་ཐུབ་པ་བྱུང་འདུག་ཅེས་སྙན་ཐོའི་ནང་དུ་བཀོད་འདུག

རྒྱལ་སྤྱིའི་རང་གནས་ཕྱིར་འབུད་རྟོག་ཞིབ་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོ་དེར་མི་༥༠༠༠༠༠༠་ས་འགུལ་དང་ཆུ་ལོག ཐན་པ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ལ་བརྟེན་ནས་རང་གནས་སུ་ཆགས་མ་ཐུབ་པར་གྱུར་འདུག འཐབ་འཁྲུག་དང་རང་བྱུང་གི་གནོད་འཚེ་ལ་གཡོལ་བར་ཕྱི་རྒྱལ་ལ་བྲོས་བྱོལ་དུ་མ་ཕྱིན་ཀྱང་རང་ཡུལ་དུ་ས་ཁུལ་གཞན་ལ་བྲོས་བྱོལ་དུ་སོང་སྟེ་ཐོག་མའི་ཁྱིམ་གཞིས་དང་ཁ་འབྲལ་དགོས་པ་བྱུང་བའི་མིའི་གྲངས་འབོར་ཇེ་མང་རེད། ༢༠༡༩་ལོར་མི་༣༣༤༠༠༠༠༠་རང་གནས་སུ་ཆགས་ཐུབ་མི་འདུག འདི་ནི་༢༠༡༢་ལོ་ནས་བཟུང་སྟེ་རང་གནས་སུ་ཆགས་མ་ཐུབ་པའི་མི་གྲངས་འབོར་དང་བསྡུར་ན་སྔོན་ཆད་བྱུང་མྱོང་མེད་པརེད། ད་ལྟ་སྡེབ་ཚོགས་ཀྱི་གནས་སུ་ལྷུང་སྟེགཙང་སྦྲ་མེད་པ་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་ཞན་པ། གུར་དང་འགྱིག་ཤོག་གི་གུར་ཁྱིམ། གནས་སྐབས་ཀྱི་གཞིས་ཆགས་ཁག་དང་གྲོང་མཐའི་དབུལ་སྒར་བཅས་སུ་འཚོ་གནས་བྱེད་བཞིན་པའི་མི་ཚོར་ཏོག་དབྱིབས་ནད་དུག་གིས་དཀའ་ངལ་གསར་པ་ཞིག་འཕྲད་ནས་སླར་ཡང་རང་གནས་ནས་གྱར་དགོས་ཐུག་སྲིད་པའི་ཉེན་ཁ་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།

རྒྱལ་སྤྱིའི་རང་གནས་ཕྱིར་འབུད་རྟོག་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ཨ་ལིཀ་ཟན་ཌི་ར་བྷི་ལཀ་ཡིས་བརྗོད་དོན་ལྟར་ན། དེང་སྐབས་འཛམ་གླིང་ཡོངས་སུ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་དུག་གིས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་མི་མང་དེ་ཚོར་མི་ཆོས་རིང་ལུགས་ཀྱི་སྐྱོབ་གསོ་རོགས་རམ་འཐོབ་རྒྱུ་དེར་ཚད་བཀག་ཐེབས་ཀྱི་འདུག གལ་ཏེ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡི་ེད་པའི་དབང་དུ་བཏང་རུང་འཛམ་གླིང་ཡོངས་སུ་མི་རྣམས་རང་གནས་སུ་ཆགས་ཐུབ་ཀྱི་མེད་པའི་གྲངས་འབོར་ནི་ཧ་ཅང་མང་པོ་ཞིག་འཕེལ་གྱི་འདུག འདི་ནི་ང་ཚོ་ཚང་མས་རང་རང་གི་ལསའགན་མ་གྲུབ་པའི་རྟགས་མཚན་ཞིག་རེད་ཅེས་བཤད། རྒྱལ་སྤྱི་ཚོགས་པ་དེས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡར་མཚོན་ན་ནང་འཁྲུག་ལངས་པའི་རྐྱེན་གྱིས་ན་ནིང་ཕྱི་ཟླ་༡༢་པ་ནས་ད་ལྟའི་བར་དུ་གཞུང་དམག་གི་གཏོར་རྒོལ་དང་དཔུང་འཇུག་ལ་གཡོལ་བར་མི་ས་ཡ་༡་ཙམ་རང་ཁྱིམ་ནས་བྲོས་བྱོལ་དུ་ཕྱིན་འདུག ད་ལྟ་སི་རི་ཡར་ནང་འཁྲུག་ལངས་ནས་ལོ་༩་འགྲོ་བཞིན་ཡོད་པ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཀོང་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ཡེ་མན་དང་ཨབ་གྷ་ཎི་སི་ཐན་བཅས་ཀྱི་ནང་འཁྲུག་ཀྱང་མཚམས་ཆད་ཀྱི་མི་འདུག དེས་ན་འབྲེལ་ཡོད་སྲིད་གཞུང་གིས་ཁག་གིས་རང་གི་རྒྱལ་ཁབ་དེའི་འཁྲུག་རྩོད་མཚམས་འཇོག་ཡོང་ཐབས་ལ་འབོད་བརྩོན་བྱ་དགོས་ཞེས་བསྟན། སྔ་ལོ་མི་ས་ཡ་མང་པོ་རང་ཁྱིམ་དུ་འཚོ་གནས་བྱས་མ་ཐུབ་པ་ནི་ཆུ་ལོག་དང་དྲག་ཆར་རླུང་འཚུབ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་བྱུང་བར་ཐུག་ཡོད། ང་ཚོས་འཛམ་གླིང་གི་སའི་གོ་ལའི་གནམ་གཤེས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པར་བཀག་འགོག་བྱེད་ན་རང་བྱུང་ཁམས་ཀྱི་གནོད་འཚེ་འབྱུང་རྒྱུ་ཉུང་དུ་གཏོང་ཐུབམི་མང་རང་གནས་སུ་ཆགས་ཐུབ་ཀྱི་མེད་པ་རྣམས་ལ་འབྲེལ་ཡོད་རྒྱལ་ཁབ་ཁག་གི་སྲིད་གཞུང་དེ་ཚོས་ཅིས་ཀྱང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དུས་འདིར་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་རོགས་སྐྱོར་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

ི་རཀ་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཁག་ཅིག་རང་གནས་སུ་སྔར་བཞིན་འཚོ་གནས་བྱེད་ཐུབ་ཀྱི་མེད་པ་ངེས་གཏན་བྱུང་ཞིང་དེ་བཞིན་སི་རི་ཡ་དང་བྷར་ཀི་ན་ཧྥ་སོ། ཀོ་ལུམ་བྷི་ཡ་བཅས་ལ་མི་མང་རང་གནས་སུ་ཆགས་མ་ཐུབ་པ་མང་དག་ཅིག་ཡོད་པ་དེ་རྣམས་སྡེབ་ཚོགས་བྱ་ཡུལ་ཁག་ཏུ་ཡོད་པས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པའི་གནས་ཚུལ་འཐོན་གྱི་འདུག རྒྱ་གར་གཞུང་གིས་འགྲོ་འོང་བཀག་སྡོམ་བྱས་པའི་རིང་དེར་གྲོང་གསེབ་ཁག་གི་ལས་མི་༦༠༠༠༠༠་ཡས་མས་ཤིག་དབྱིན་ལེ་བརྒྱ་ཕྲག་མང་པོར་རྐང་ཐང་ཌྷ་རང་རང་གི་གྲོང་གསེབ་ཁག་ཏུ་ཕྱིར་ལོག་བྱ་དགོས་པའི་གནས་ཚུལ་ཐོནསྐྱེ་བོ་རང་གནས་སུ་ཆགས་ཐུབ་ཀྱི་མེད་པ་རྣམས་ནི་སོ་སོའི་སྐྱེས་ཡུལ་དང་ཉེ་དུ་སོགས་ལ་ཞེ་ཐོགས་ནས་ཐག་རིང་དུ་མི་བསྐྱོད་བའམ། ཡང་ན་ཁོ་ཚོ་ས་མཚམས་བརྒལ་ནས་ཐག་རིང་ལ་གཏན་སྡོད་གཞིས་ཆགས་སུ་བསྐྱོད་པར་འགྲོ་གྲོན་གཏོང་རྒྱུ་མེད་པར་ཉེ་འཁོར་དུ་ལུསས་གནས་དེ་ཚོར་རོགས་སྐྱོབ་ལས་ཁུངས་ཁག་སྙོབ་མི་ཐུབ་པའི་དཀའ་ངལ་ཆེ། འཐབ་འཁྲུག་ལངས་ཡོད་པའི་ས་གནས་ཁག་གི་ཡུལ་གྱར་བ་རྣམས་རང་གི་རྒྱལ་ཁབ་དེའི་སྲིད་གཞུང་གི་སྲུང་སྐྱོབ་ལ་བརྟེན་དགོས། སྲིད་གཞུང་དེ་ཚོས་རང་གི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མི་དམངས་ལ་བདེ་འཚམས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཀྱི་མེད་པར་མ་ཟད། མི་དམངས་དེ་རྣམས་རང་གནས་སུ་ཆགས་མ་ཐུབ་པར་བྲོས་བྱོལ་དུ་འགྲོ་དགོས་པའི་རྒྱུ་རྐྱེན་ཡང་སྲིད་གཞུང་དེ་དག་གིས་ནང་འཁྲུག་བསླངས་པར་ཏུག་དུག་ཅེས་སྙན་ཐོའི་ནད་དུ་བཀོད།

ཡུ་རོབ་རྒྱལ་ཁབ་ནོར་ཝེའི་སྐྱབས་བཅོལ་བའི་ལྷན་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ༢༠༡༨་ལོར་འཛམ་གླིང་ཡོངས་སུ་སྐྱེ་བོ་རང་གནས་སུ་ཆགས་མ་ཐུབ་པ་༡༠༠༠༠༠༠༠་བྱུང་ཡོད་ཅིང་། ༢༠༡༩་ལོའི་ལོ་མཇུག་དེར་འཛམ་གླིང་ཡོངས་སུ་རང་གནས་སུ་ཆགས་མ་ཐུབ་པའི་མི་གྲངས་༤༥༧༠༠༠༠༠་ཡོད་པ་རྣམས་ནི་རྒྱལ་ཁབ་༦༡་ལ་ནང་འཁྲུག་ལངས་ནས་མི་མང་དེ་རྣམས་རང་ཡུལ་དུ་སྐྱབས་བཅོལ་བར་གྱུར ད་དུང་རྒྱལ་ཁབ་༩༦་ལ་ཆུ་ལོག་དང་ཐན་པ། ས་འགུལ་དང་མེ་སྐྱོན་སོགས་རང་བྱུང་ཁམས་ཀྱི་གནད་འཚེ་བྱུང་ནས་མི་༥༡༠༠༠༠༠་རང་གནས་སུ་ཆགས་མ་ཐུབ་པ་བྱུང་འདུག་ཅེས་སྙོན་ཐོ་བཏོནརྒྱལ་སྤྱིའི་རང་གནས་ཕྱིར་འབུད་རྟོག་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ཨ་ལིཀ་ཟན་ཌི་ར་བྷི་ལཀ་ཡིས་ན་ནིང་ཕྱི་ཟླ་༡༠་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོ་རིམ་ཚོགས་ཆུང་ཞིག་གིས་རྒྱལ་ཁབ་ཁག་གི་ནང་ཁུལ་དུ་མི་མངཕོན་ཆེན་ཞིག་རང་གནས་སུ་ཆགས་ཐུབ་ཀྱི་མེད་པའི་ཐབས་སྐྱོའི་གནས་སྟངས་འདི་གཏན་དུ་ཐག་གཅོད་བྱ་དགོས་པའི་གྲོས་སྡུར་བྱས་སོང་། ད་ལོའི་ཕྱི་ཟླ་༢་པར་ཐོ་རིམ་ཚོགས་ཆུང་དེའི་ཚོགས་འདུ་ཐེངས་དང་པོ་འཚོགས་འཆར་ཡོད་ཀྱང་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཚོགས་འདུའི་གྲོས་གཞི་ཁག་ལ་འགྱུར་བ་བཏང་སོང་། ཏོག་དབྱིབས་ནད་དུག་གི་རིམས་ནད་འདི་རྒྱལ་སྤྱིའི་སྤྱི་ཚོགས་གཉིད་ལས་སློང་བའི་ཅོང་བརྡ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་དང་མི་མང་རང་གནས་སུ་ཆགས་ཐུབ་ཀྱི་མེད་པའི་དཀའ་ངལ་ལརྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཐུབ་པའི་རེ་བ་ཡོད། ད་སྔ་ཏོག་དབྱིབས་རིམས་ནད་ཀྱིས་མི་ཅི་ཙམ་རང་གནས་སུ་ཆགས་མི་ཐུབ་པར་འགྱུར་གྱི་ཡོད་མེད་ཚོད་དཔག་བྱ་རྒྱུ་སྔ་དྲགས་ཡོད་ཀྱང་མ་འོངས་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་པ་ཉག་གཅིག་རེད། གལ་སྲིད་འཛམ་གླིང་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་ན་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་གྱི་རོགས་དངུལ་སྤྲོད་ཀྱི་ཡོད་པ་རྣམས་ཆད་སྲིད་པའི་བློ་འཚབ་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG