སྤྱི་ཚོགས་རྒྱང་བཀྱེད་དང་ཨ་རིའི་སྲིད་འཛིན་འོས་འདེམས།
༄༅།། སྤྱི་ཚོགས་རྒྱང་བཀྱེད་ཅེས་པའི་ཏོག་དབྱིབས་ནད་དུག་འགོག་ཐབས་འདིས་ཨ་རིའི་སྲིད་འཛིན་འོས་འདེམས་ཚུད་པའི་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་འགྱུར་ལྡོག་བཏང་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བཞིན་ཡོད་ཅིང་། ཨ་རིའི་རླུང་འཕྲིན་ཁང་གི་སི་ཊིབ་རཱེ་ཌི་ཤཱིས་ཨ་རིའི་སྲོལ་རྒྱུན་གྱི་ཆབ་སྲིད་ལས་འགུལ་ཁག་ལ་འགྱུར་ལྡོག་དང་ཉེན་ཁ་ཞིག་འཕྲད་བཞིན་པར་ཉམས་ཞིབ་བྱས་པའི་གནས་ཚུལ་ཞིབ་ཕྲ་རྣམས་ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།