རྒྱ་གར་ལྷོ་ཕྱོགས་ཀྱི་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་སློབ་གྲྭ་ནས་གཞིས་གྲོང་ཀ་པའི་བར་དུ་རྒྱང་ཐག་སྤྱི་ལེ་གཉིས་དང་ཕྱེད་ཀ་ཙམ་གྱི་རྒྱ་ལམ་ཞིག་ཡོད་པར་ད་སྔ་བཟོ་བཅོས་རྒྱག་མཁན་སུ་ཡང་མ་བྱུང་བར་བརྟེན། ལམ་ཁ་བདེ་སྙོམས་མེད་པར་དབྱར་དུས་ཆར་ཞོད་སྐབས་སུ་འདམ་བག་དང་ཉོག་ཆུ་འཁྱིལ་ཞིང་། སྐམ་དུས་ཐལ་ཚུབ་ཆེ་བ་བཅས་ཀྱིས་རྫོང་ཆོས་གྲྭ་ཚང་གི་ལས་སྣེ་རྣམས་ཀར་ན་ཊ་ཀ་མངའ་སྡེ་གཞུང་གི་བློན་ཆེན་དང་འབྲེལ་ཡོད་ལས་ཁུངས་ཁག་ལ་ཆེད་བཅར་གྱིས་འདི་ལོ་ཟླ་བ་གསུམ་གྱི་གོང་དེར་མངའ་སྡེ་གཞུང་ནས་ལམ་བཟོ་བཅོས་ཀྱི་རོགས་དངུལ་ཧིན་སྒོར་འབུམ་༢༠༠་ཐོབ་ཡོད་ཅིང་། ཁ་སང་ཕྱི་ཚེས་༡༢་ཉིན་ནས་དངོས་སུ་སྣུམ་ནག་གཞུང་ལམ་བཟོ་རྒྱུའི་ལས་གཞི་འགོ་ཚུགས་ཡོད་པའི་སྐོར། རྫོང་ཆོས་གྲྭ་ཚང་གི་ཕྱག་མཛོད་ཟུར་པ་བྱམས་པ་རྒྱལ་མཚན་ལགས་སུ་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།