ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་གྲོས་ཚོགས་ཀྱིས་རྩིས་སྤྲོད་ཁྲིམས་གཞི་ཕྱིར་བསྡུ།


༄༅།། ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་བསྟུད་མར་བྱུང་སྟེ་ཟླ་བ་བཞི་ཙམ་འགྲོ་བཞིན་ཡོད་པའི་ཐོག་མའི་འབྱུང་རྐྱེན་ནི་དོགས་ཡོད་མི་སྣ་རྒྱ་ནག་སྐམ་ས་ཆེན་མོའི་སྲིད་གཞུང་ལ་རྩིས་སྤྲོད་བྱ་དགོས་ཞེས་ཧོང་ཀོང་གཞུང་གིས་བཏོན་པའི་ཁྲིམས་གཞི་དེ་ཡིན་ཞིང་། རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་རྩོད་གཞི་ཆེ་བའི་ཁྲིམས་གཞི་དེ་བརྩི་མེད་བཏང་ནས་དངོས་སུ་ཕྱིར་བསྡུ་གཙང་མ་བྱས་ཡོད་པར་མ་ཟད། ད་དུང་དོན་རྐྱེན་འདི་སློང་མཁན་གཙོ་བོ་སྟེ། དགའ་རོགས་གསོད་མཁན་ཡིན་པའི་དོགས་ཅན་དེ་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ། ཁོ་པས་ཐེ་ཝན་གཞུང་ལ་མགོ་བཏགས་ཞུ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་འདུག འོན་ཀྱང་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ས་གནས་དེའི་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་རྣམས་ཁས་ལེན་མ་བྱས་བར་དུ་ངོ་རྒོལ་ལས་འགུལ་ཁག་མཚམས་འཇོག་རྒྱུ་མིན་ཞེས་ཉེན་བརྡ་བཏང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG