ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༢/༠༤

ཁ་མཆུ་ཨང་༢༠་པའི་བཅད་ཁྲ།


ཁ་མཆུ་ཨང་༢༠་པའི་བཅད་ཁྲ།
please wait

No media source currently available

0:00 0:10:53 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་སྲིད་སྐྱོང་བློ་བཟང་སེངྒེ་བརྒྱུད་ནས་བཀའ་ཤག་ལ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་གཏུགས་པའི་ཁ་མཆུ་ཨང་༢༠ པར་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་བཅས་གཏན་འབེབས་བྱུང་ཞིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེར་ཞུ་སྦྱོར་བས་ཁུངས་སྐྱེལ་བྱ་དགོས་པའི་གནད་དོན་ལྔ་ཡོངས་རྫོགས་ལ་ཁུངས་སྐྱེལ་ཐུབ་ཀྱང་རྩོད་ལན་པས་ཁུངས་སྐྱེལ་བྱ་དགོས་པའི་གནད་དོན་ཁག་༡༤་ཡོངས་རྫོགས་ལ་ཁུངས་སྐྱེལ་བྱེད

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་སྲིད་སྐྱོང་བློ་བཟང་སེངྒེ་བརྒྱུད་ནས་བཀའ་ཤག་ལ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་གཏུགས་པའི་ཁ་མཆུ་ཨང་༢༠ པར་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་བཅས་གཏན་འབེབས་བྱུང་ཞིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེར་ཞུ་སྦྱོར་བས་ཁུངས་སྐྱེལ་བྱ་དགོས་པའི་གནད་དོན་ལྔ་ཡོངས་རྫོགས་ལ་ཁུངས་སྐྱེལ་ཐུབ་ཀྱང་རྩོད་ལན་པས་ཁུངས་སྐྱེལ་བྱ་དགོས་པའི་གནད་དོན་ཁག་༡༤་ཡོངས་རྫོགས་ལ་ཁུངས་སྐྱེལ་བྱེད་མ་ཐུབ་པར་བརྟེན། བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་དང་དེའི་རྗེས་འབྲེལ་གྱི་གསལ་བཤད་དོན་ཚན་༡༠་གསལ་བསྒྲགས་བྱས་པ་རྣམས་གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་ཅིང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས་སྤེན་པ་ཚེ་རིང་གི་ལྷག་བསམ་དང་འཇོན་ཐང་། བཟང་སྤྱོད་བཅས་ལ་མ་ཉེས་ཁག་གཡོགས་བྱས་འདུག བོད་པའི་སྤྱི་ཚོགས་སུ་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་སྤེལ་སོང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་ཀྱིས་བཅད་ཁྲ་བསྒྲགས་ཏེ་བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་ཉིད་བཀོད་པའི་དགོངས་སེལ་ཞུ་ཡིག་ཅིག་དབྱིན་བོད་སྐད་ཡིག་གཉིས་ཀར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཏེ། བོད་མིའི་རང་དབང་དང་ཨེ་ཤི་ཡའི་བོད། བོད་ཀྱི་དྲྭ་ལམ་དང་བོད་ཀྱི་བརྙན་འཕྲིན་བཅས་སུ་འགྲེམ་སྤེལ་གསལ་བསྒྲགས་བྱ་དགོས། དགོངས་སེལ་གྱི་ཡིག་ཆ་རྣམས་ཞུ་སྦྱོར་བར་མཁོ་སྤྲོད་ཆེད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པར་མ་ཟད། ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་ཧིན་སྒོར་༩༨༠༠༠་གུན་གསབ་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕྱི་ཟླ་༡༡་པའི་ཚེས་༡༥་ནང་ཚུད་དུ་འབུལ་འབྱོར་དགོས་ཞེས་ཐག་གཅོད་བྱུང་འདུག
XS
SM
MD
LG