ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༡༤

རྒྱ་ནག་གིས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག


༄༅།། ཕྱི་ལོ་༢༠༢༠་ལོའི་ཐེ་ཝན་གྱི་འོས་འདེམས་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་པེ་ཅིང་གཞུང་གིས་རྒྱ་ནག་གི་སྤྱི་དམངས་སྒེར་པ་རྣམས་རང་དབང་གི་སགོ་ནས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་སྐྱོད་བྱེད་ཆོག་ཅེས་རྒྱ་ནག་གི་གྲོང་ཁྱེར་༤༧་ལ་གཏན་ཁེལ་བྱུང་ཡོད་པ་མེད་པར་བཏང་ཡོད་ཅིང་། ཐེ་ཝན་གྱི་ཡུལ་སྐོར་སྤྲོ་འཆམ་པའི་འབྱུང་ཁུངས་གཙོ་བོ་ཞིག་ནི་རྒྱ་ནག་གི་གྲོང་ཁྱེར་དེ་དག་ཡིན་པས་རྒྱ་ནག་གིས་ཐེ་ཝན་ལ་ཡུལ་སྐོར་སྤྲོ་འཆམ་པ་བཀག་པ་ཐེ་ཝན་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཐབས་གསར་པ་ཞིག་ཡིན་པར་བརྟེན། ཐེ་ཝན་གཞུང་གིས་མཚོ་གླིང་དེར་རྒྱལ་ཁབ་གཞན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་དེར་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG