ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཀྲ་ཤིས་དབང་ཕྱུག་གིས་བཙོན་ཁང་དུ་ངོ་རྒོལ།


ཁ་བྲལ་བའི་ཉེས་མིང་འོག་ཏུ་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གིས་རང་ལ་དྲང་བདེན་མིན་པའི་ཁྲིམས་ཆད་ཕོག་སོང་ཞེས་བཙོན་ཁང་དུ་ཁྲིམས་ཆད་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད། ཁྲིམས་རྩོད་པས་གནས་ཚུལ་སྤེལ་བ་ལྟར་ན་བཀྲ་ཤིས་དབང་ཕྱུག་གིས་བཙོན་འཇུག་གི་ཁྲིམས་ཆད་ལ་ངོས་ལེན་མི་བྱེད་པ་དང་བཙོན་ཁང་གི་ལས་དོན་ལ་མཉམ་ཞུགས་བྱེད་ཀྱི་མེད་པས་དམིགས་བསལ་གྱིས་དོ་དམ་བྱ་དགོས་བྱུང་སོང་ཞེས་མཚོ་སྔོན་གྱི་བཙོན་ཁང་དོ་དམ་པས་བརྗོད་འདུག་པར་མ་ཟད། ཁྲིམས་རྩོད་པའང་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG