ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧི་མ་ལ་ཡའི་རི་ཁུལ་གྱི་ཆུ་ལོག


ད་ལྟ་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་པའི་རྐྱེན་གྱིས་ཧི་མ་ལ་ཡའི་གངས་རི་རྣམས་ཞུ་བཞིན་ཡོད་པ་དང་དེའི་རྐྱེན་གྱིས་མཚོ་ཆུ་གསར་པ་མང་པོ་ཞིག་འཁྱིལ་གྱི་ཡོད་པར་མ་ཟད། སྔ་མ་ནས་འཁྱིལ་ཡོད་པའི་གངས་ཆུའི་མཚོ་དང་མཚེའུ་རྣམས་ཆེ་རུ་གཏོང་བཞིན་ཡོད་པ་རེད་། ས་ཁུལ་དེར་གངས་ཆུའི་མཚོ་ཆུ་ཤོར་ནས་ཆུ་ལོག་གི་ཉེན་ཁ་ཆེན་པོ་ཡོང་སྲིད་ཅེས་ལོ་ཤས་གོང་དུ་གསར་འགྱུར་ཞིག་འདི་གའི་གངས་རིའི་བྲག་ཅའི་ལེ་ཚན་ནང་དུ་རྒྱང་སྲིང་ཞུས་ཟིན་ཡོད་ཅིང་། བར་ལམ་བལ་ཡུལ་དང་རྒྱ་གར་བྱང་ཕྱོགས་བཅས་སུ་ཆར་ཞོད་ཀྱི་རྐྱེན་པས་ཆུ་ལོག་ཆེན་པོ་རྒྱུག་ཏེ་རི་མགོའི་མཚོ་ཆུ་རྣམས་འཕེལ་ཁ་རྒྱས་ཏེ་ཆུ་ལོག་གི་ཉེན་ཁ་ཅི་འདྲ་ཞིག་ཆགས་ཡོད་པའི་སྐོར། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་རྒྱལ་སྤྱིའི་ཞིབ་འཇུག་མཁས་པ་ཁག་ཅིག་ལ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG