ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་གྲོས་མཐུན།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༧༠་འཁོར་བའི་སྐབས་དེར་ཉིན་གསུམ་གྱི་རིང་ལ་མོ་སི་ཀོར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་དང་ཚོང་འབྲེལ་ཡར་རྒྱས་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཨ་སྒོར་ཐེར་འབུམ་༢༠་ཙམ་གྱི་ཚོང་ལས་གྲོས་མཐུན་ཞིག་བཞག་ཡོད་ཅིང་། ཐེངས་འདིར་སྲིད་འཛིན་ཞིས་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་པ་དང་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་འབྲེལ་གྱི་གན་རྒྱ་བཞག་པ་སོགས་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐབས་དེར་ཨ་རིར་ཁ་གཏད་གཏོག་རྒྱུའི་ཆེད་དུ་ཡིན་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་གནས་ཚུལ་ཐོན་པ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG