ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་མོའི་ཞལ་འདེབས་ལ་ཨ་རིའི་གཞུང་གིས་རྟོག་ཞིབ།


སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་འོས་འདེམས་ཡོང་རྒྱུའི་ཆེད་དུ་༢༠༡༨་ལོའི་ཕྱི་ཟླ་༣་པར་སྤྱི་མཐུན་ཚོགས་པའི་ཞལ་འདེབས་བསྡུ་ལེན་གྱི་ཐུག་སྤྲོའི་སྐབས་སུ་སྲིད་འཛིན་ཌོམ་ལ་འབྲེལ་བ་ཡོད་པའི་རྒྱ་མོ་སིན་ཌི་དབྱང་ཟེར་པ་ཞིག་གིས་གཞན་གྱི་མིང་ཐོག་ཏུ་ཞལ་འདེབས་བསྡུ་ལེན་བྱས་པའི་དངུལ་སྒོར་གྱི་ཡོང་ཁུངས་ལ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རྟོག་ཞིབ་བྱེད་ཀྱི་ཡོད་ཅིང་། དབུས་གསང་བའི་ལས་ཁུངས་ཀྱིས་རྒྱུན་དུ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་དང་གནད་ཡོད་མིན་སྣ་ཚོར་འབྲེལ་བ་ཡོད་པའི་རྒྱ་མོ་དེའི་ཞལ་འདེབས་ཁག་རྒྱ་ནག་གཞུང་གི་ཡིན་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་༢༠༡༤་ལོ་ནས་བཟུང་སྟེ་སྲིད་འཛིན་ཊམ་ལ་འབྲེལ་བ་ཡོད་པའི་ཞལ་འདེབས་གཞན་པ་སྤྲད་ཡོད་མིན་སོགས་ལའང་རྟོག་ཞིབ་གནང་འགོ་འཚུགས་ཡོད་པའི་སྐོར། གསར་འགྱུར་ཁག་ཏུ་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG