དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ལི་ཐུ་ཝྭེ་ཎི་ཡ་དང་ལཱ་ཊི་ཝྭི་ཡ་གཉིས་ཀྱི་རྒྱལ་ཡོངས་གྲོས་ཚོགས་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོར་མཇལ་འཕྲད་དང་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་ཕེབས་ཡོད་ཅིང་། ཐོག་མར་སྲིད་སྐྱོང་ལི་ཐུ་ཝྭེ་ཎི་ཡར་ཕེབས་ནས་རྒྱལ་ཁབ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོར་ཐུག་འཕྲད་དང་བཀའ་མོལ་གནང་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་ལི་ཐུ་ཝྭེ་ཎི་ཡས་བོད་དོན་ལ་རྒྱབ་སྐྱོར་གང་ཐུབ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་དུ་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཕྱག་རོགས་བསྟན་འཛིན་ཀུན་དགའ་ལགས་སུ་སྲིད་སྐྱོང་གི་ལི་ཐུ་ཝྭེ་ཎི་ཡའི་ཕྱོགས་ཕེབས་ཀྱི་མཛད་རིམ་སོགས་ལ་བཅར་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།།