ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་འཐུས་ཚོགས་གཙོ་རྒྱ་གར་བྱང་ཕྱོགས་སུ་ཕེབས་སྐྱོད།


༄༅།། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་མངའ་ཁུལ་དུ་རྟེན་གཞི་བྱས་པའི་བོད་པ་བཙན་བྱོལ་བའི་གཞིས་ཆགས་བདེ་སྐྱིད་གླིང་དང་ཚེ་རིང་དོན་ལྡན་གླིང་། དོན་གྲུབ་གླིང་། གླིང་ཚང་གཞིས་ཆགས་དང་ར་ཇཱི་པུར་བཟོ་གྲྭ ཧཱར་པར་པུར་དང་ཧ་མ་ཅལ་མངའ་ཁུལ་གྱི་སྤོན་ཊ་ཆོལ་གསུམ་གཞིས་ཆགས། སྤུར་རུ་ཝ་ལ་ས་སྐྱའི་གཞིགས་བཅས་ལ་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གསུང་བཤད་གནང་རྒྱུར་མགྲོན་འབོད་ཞུས་པ་ལྟར་ཟླ་བ་འདིའི་ཚེས་༡༥་ནས་ཚེས་༡༨་བར་དུ་གོང་འཁོད་ས་གནས་ཁག་ལ་ཆེད་ཕེབས་ཀྱིས་མི་མང་ལ་གསུང་བཤད་གནང་ཡོད་པའི་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྤྱི་འཐུས་ཚོགས་གཙོའི་མཛད་རིམ་སོགས་ལ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG