ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༢/༡༡

འཛམ་གླིང་གི་གསར་འགྱུར་ལ་རྒྱ་ནག་གི་ཤུགས་རྐྱེན།


རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འཛམ་གླིང་གི་གསར་འགྱུར་ལ་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རྣམས་བཀག་འགོག་དང་རྒྱ་ནག་གི་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྙན་ཐོ་ཞིག་སྤེལ་ཡོད་ཅིང་། སྙན་ཐོ་དེར་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་གསར་འགྱུར་ཁྱབ་སྤེལ་གཏོང་རྒྱུའི་ཆེད་དུ་ལོ་རེར་ཨ་སྒོར་ཐེར་འབུམ་༡་དང་གྲངས་ཆུང་༣་ཙམ་འགྲོ་གྲོན་གཏོང་བཞིན་པ་ཡོད་པ་སྟེ། ༢༠༡༨་ལོར་ཡང་རྒྱ་ནག་ནི་མུ་མཐུད་དུ་གསར་འགོད་རང་དབང་ལ་བརྩི་མེད་གཏོང་མཁན་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་སོགས་བཀོད་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྐྱོན་བརྗོད་དེ་ཚོར་ངོས་ལེན་མེད་ཅེས་དགག་པ་བརྒྱབ་ཡོད་པའི་སྐོར། ཞིབ་ཕྲའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG