ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གི་ཡུ་རོབ་འཚམས་འདྲི།


༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་རེས་གཟའ་ཕུར་བུ་ནས་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་ཧྥ་རན་སི། མོ་ན་ཀོ་བཅས་ལ་རྒྱལ་དོན་མཚམས་འདྲིར་ཕེབས་ཡོད་ཅིང་། ཞིས་ཅིན་ཕིང་གི་ཡུ་རོབ་རྒྱལ་ཁབ་གསུམ་གྱི་འཚམས་འདྲིའི་དགོས་དོན་གཙོ་བོ་ནི་ཡུ་རོབ་རྒྱལ་ཁབ་དེ་དག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་རྒྱུའི་ཆེད་དུ་ཡིན་ཞིང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་འགལ་ཟླ་སློང་རྒྱུའི་ཉེན་ཁ་གསར་པ་ཞིག་འདུག་ཅེས་དབྱེ་ཞིབ་མི་སྣས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཧེ་ཡན་གྱིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG