ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ནེའུ་ཛི་ལན་ཌིར་ཐུགས་གསོའི་གསུང་འཕྲིན་བསྩལ་པ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནེའུ་ཛི་ལན་ཌིའི་སྲིད་བློན་ཇཱ་སིན་ཌི་ཨར་ཌན་གྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། འདས་པའི་གཟའ་པ་སངས་ཉིན་ཀི་རི་སི་ཊི་ཆིར་ཆི་གྲོང་ཁྱེར་དུ་མི་རིགས་འཐེན་འཁྱེར་གྱི་ཀུན་ནས་བསླངས་ཏེ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཚབས་ཆེན་ཞིག་བྱུང་ནས་མི་མང་པོ་ཞིག་ལ་འཆི་སྐྱོན་ཕོག་པའི་འདས་པོ་རྣམས་ཐུགས་སྨོན་དང་། ཁོ་ཚོའི་བཟའ་མི་ཉེ་དུ་རྣམས་གཙོས་ནེའུ་ཛི་ལན་ཌི་གཞུང་དམངས་གཉིས་ཀར་ཐུགས་གསོ་ཡོད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG