ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བོད་ཡིག་ཟབ་སྦྱོང་གི་སློབ་ཁྲིད་བྱེད་མི་ཆོག་པའི་དམ་དྲག


རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་བོད་པའི་དགོན་སྡེ་ཁག་གིས་བོད་ཕྲུག་ཚོར་བོད་ཡིག་ཟབ་སྦྱོང་གི་འཛིན་གྲྭ་བཙུགས་ནས་སློབ་ཁྲིད་བྱེད་མི་ཆོག བོད་ཡིག་ཟབ་སྦྱོང་གི་འཛིན་གྲྭ་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཞིག་སྤེལ་འདུག

ད་དུང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཉེ་ཆར་རྒྱ་ནག་གཞུང་། ཁམས་ནང་ཆེན་རྫོང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་དགོན་སྡེས་འཛིན་གྲྭ་སྤེལ་བའི་བྱ་སྤྱོད་ལ་སྒྲིག་བཅོས་དང་ཁྲིམས་ལྟར་བཀག་འགོག་ནན་མོ་བྱེད་དགོས་ཞེས་བརྡ་ཁྱབ་བཏང་ཡོད་པ་ཟུར་བཀོད་ཀྱིས་རྒྱ་ནག་གཞུང་གིས་བོད་པའི་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་ཡོད་ཅིང་། རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ཚོར་སྔོན་ཆད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོའི་འགན་ཁུར་བཞེས་མྱོང་མཁན་འབྲོག་རུ་ཆོས་དར་ལགས་སུ་བསམ་ཚུལ་བཅའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG