ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༡༢/༠༩

ཡུ་གུར་བ་དང་རྒྱ་གཞུང་། ཨ་རིའི་སི་ཨེན་ཨེན་གསར་ཁང་།


༄༅།། ཨ་མི་རི་ཀའི་སི་ཨེན་ཨེན་བརྙན་འཕྲིན་ཁང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱི་ཡོད་པའི་གསར་འགྱུར་ཞིག་རྒྱང་སྲིང་བྱས་ཡོད་པ་དེའི་ནང་དུ་ཡུ་གུར་བའི་བུད་མེད་མཱི་རི་གྷུལ་ཊུར་སཱན་གྱིས་རང་ཉིད་རྒྱ་གཞུང་གིས་ཡུ་གུར་བ་རྣམས་བཀག་ཉར་བྱ་ཡུལ་དེ་དག་གི་གྲས་ཀྱི་བཀག་ཉར་ཁག་ཞིག་གི་ནང་དུ་བཅུག་མྱོང་ཡོད་ཅིང་། བཀག་ཉར་ཁང་དེའི་ནང་དུ་ཤོང་ཚད་ལས་བརྒལ་བའི་བུད་མེད་ཧ་ཅང་མང་པོ་ཞིག་བཅུག་པ་ཡོད་པས་སྡོད་ས་དང་ཉལ་ས་མེད་པའི་དཀའ་ངལ་ཆེན་པོ་འདུག ཁོ་མོའི་མིག་གི་མཐོང་སར་བུད་མེད་༩་རྐྱེན་ལམ་དུ་ཕྱིན་སོང་ཞེས་བརྗོད་པར་མ་ཟད། རང་གི་ཕྲུ་གུ་ཡང་སྨན་ཁང་དུ་བསད་འདུག་ཅེས་ཐེར་འདོན་བྱས་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྐྱོན་བརྗོད་དང་། བུད་མེད་དེས་བཤད་པའི་སྐད་ཆ་དེ་རྣམས་བདེན་པ་རྩ་བ་ནས་མ་རེད། ཨ་རིའི་སི་ཨེན་ཨེན་བརྙན་འཕྲིན་ཁང་གིས་གནས་ཚུལ་དེ་ཚོ་བདེན་པ་ཡིན་མིན་རྩད་ཞིབ་མ་བྱས་པར་རྒྱང་སྲིང་བྱས་པ་ནི་ཧ་ཅང་གི་ནོར་ཁྲུལ་རེད་ཅེས་བཤད་ཀྱང་སི་ཨེན་ཨེན་བརྙན་འཕྲིན་ཁང་གིས་རྒྱ་ནག་གི་སྐྱོན་བརྗོད་ལ་དགག་པ་རྒྱག་གི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG