ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གཞུང་ལ་ཧྭ་ཝེ་ཁ་པར་འགོག་དགོས་པའི་འབོད་སྐུལ།


༄༅།། ཁ་སང་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཐེ་ཝན་གྱི་གཞུང་འབྲེལ་ལས་ཁུངས་ཁག་གིས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་དགོས་ཞེས་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ནན་བརྗོད་བྱས་ཡོད་ཅིང་། རྒྱ་ནག་གི་ཧྭ་ཝེ་ཁ་པར་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་དང་དབྱིན་ཇི། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་བཅས་ཀྱིས་ཀྱང་འབྲེལ་ཡོད་རྒྱལ་ཁབ་དེ་དག་གི་གཞུང་འབྲེལ་ལས་ཁུངས་ཁག་གིས་ཧྭ་ཝེ་ཁ་པར་མངགས་ཉོ་དང་བཀོལ་སྤྱོད། རྒྱ་ནག་གི་ཧྭ་ཝེ་ཁ་པར་གྱི་འབྲེལ་ལམ་བཅས་པ་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG