ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཐེ་ཝན་གྱི་བར་དུས་འོས་འདེམས་ལས་འགུལ།


གཟའ་སྤེན་པའི་ཉིན་མོར་ཐེ་ཝན་ལ་བར་དུས་ཀྱི་འོས་འདེམས་བྱེད་ཀྱི་ཡོད་པས་འོས་མི་ཚོས་དྲིལ་བསྒྲགས་ཀྱི་འོས་འདེམས་ལས་འགུལ་སྣ་མང་ཞིག་སྤེལ་གྱི་ཡོད་ཅིང་། ཐེངས་འདིའི་འོས་འདེམས་ཀྱི་གལ་ཆེའི་རང་བཞིན་དང་སྲིད་དོན་ཚོགས་པ་ཁག་གིས་མང་ཚོགས་ཀྱི་རྒྱབ་སྐྱོར་འཐོབ་ཐབས་ལ་འབད་བརྩོན་གནང་ཕྱོགས། དེ་བཞིན་སྲིད་འཛིན་ཚེ་དབྱིན་ཝེན་དབུས་པའི་གཞུང་འཛིན་མི་སྣ་ཚོས་རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་ཇུས་དང་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པར་སྐྱོན་བརྗོད། ད་དུང་ཐེ་ཝན་གྱི་ཡུལ་མི་བོད་པ་ཞིག་གི་ངོས་ནས་འོས་འདེམས་འདིར་གཟིགས་ཚུལ་དང་རེ་བ་ཅི་འདྲ་ཞིག་འཆང་གི་ཡོད་མེད་སོགས་ལ་ཐེ་བོད་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ལྷན་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ་པ་སངས་དབྱངས་སྐྱིད་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG