ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཁ་ཆེ་ཚོའི་གནས་སྟངས་དང་མ་འོངས་པའི་མདུན་ལམ།


༄༅།། རྒྱ་གར་རྒྱལ་ས་ལྡི་ལིར་གནས་འཁོད་པའི་པར་པ་སྐལ་བཟང་འཇིགས་མེད་ཀྱིས་ལྷ་སའི་ཁ་ཆེ་འཇིགས་ཟིན་པའི་སྤྱི་ཚོགས་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཏེ་རྒྱ་གར་དུ་གཞིས་ཆགས་ཡོད་པའི་བོད་པ་ཁ་ཆེ་ཚོའི་གནས་སྟངས་དང་ལོ་རྒྱུས། མ་འོངས་པའི་ཕུགས་བསམ་བཅས་པ་བརྙན་འཕྲིན་ཐོག་ཏུ་ཕབ་ལེན་གནང་ཡོད་ཅིང་། གློག་བརྙན་དེ་ཟླ་བ་འདིའི་ཕྱི་ཚེས་༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོམ་སྟོན་ཁང་དུ་ཐེངས་དང་པོར་བསྟན་འདུག

གཟའ་འཁོར་འདིའི་ལས་རིམ་ནང་དུ་སྐལ་བཟང་འཇིགས་མེད་ལགས་སུ་གློག་བརྙན་འདི་བཟོ་དགོས་དོན་དང་གློག་བརྙན་བཟོས་པའི་རྒྱུད་རིམ། ད་དུང་བོད་པ་ཁ་ཆེ་ཚོར་རྒྱུས་ལེན་ཇི་ལྟར་བྱུང་ཡོད་མེད་ཀྱི་ཐད་དུ་བཀའ་མོལ་ཞུ་ཡི་ཡིན།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG